༄༅།།དཀར་མཛེས་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་༼དཀར་མཛེས་ཀྱི་དཀར་མཛེས། བོད་རྒྱ་གཉིས་ཀའི་གཉེར་བའི་དུས་དེབ་འགྲེམ་སྤེལ་དང་ནང་མི་ལྷན་འཛོམས་ཞོར་དུ་བགྲོ་གླེང་ཚོགས་འདུའང་སྤེལ་བ་ཡིན།
མ་འོངས་པར༼ཡན་ལག་བརྒྱད་པ༽ལ་སྔ་འགྱུར་ཞིག་ཡོད་པ་དང་། ཆེར་རྗེ་བྱ་བ༼ཆེར་རྗེ་ཏི་པང༽ནས་བརྒྱུད་པ་འདི་གནས་གང་དུ་ཡོད་པ། ཇི་ལྟར་ཡོད་པ་སོགས་ལ་རྩད་གཅོད་ནན་ཏན་བྱེེད་དགོས། — བན་ཤུལ་པས།
༼ངའི་ལམ་བར་གྱི་དབྱར་ཁ༽
དབྱར་གསང་ལྷ་མོའི་སྒེགས་ཉམས་འོག་ནས།།
རྩི་ཤིང་དྲི་བསུང་ཕྱོགས་སུ་ལྡང་སྟེ།།
གཡུ་སྦྲང་གཞོན་ནུས་མགུར་གླུ་གྱེར་དུས།།
དབྱར་གྱི་ཕུན་ཚོགས་ཡིད་ལ་འཆར་བྱུང་།།
འབྲུག་གི་ཕོ་ཆེན་གནམ་ནས་ལྡིང་ནས།།
འུར་སྒྲ་ཆེན་པོ་ས་ཆེན་འགེགས་ནས།།
དྲག་ཆར་བསིལ་པོས་རི་ལུང་གཤེར་དུས།།
རླུང་གི་རྒྱལ་མཚན་མཁའ་ལ་བྲིས་སོང་།།
འདུས་པའི་མི་ཚོགས་སོ་སོར་གྱེས་ནས།།
བློ་སེམས་མཐུན་པའི་ཆོས་གྲོཊ་ཁྱུ་གཅིག།།
དབྱར་གྱི་དགའ་སྟོན་བལྟས་བཞིན་བལྟན་བཞིན།།
ལམ་ཐག་རིང་པོ་དགའ་འཛུམ་ཆོད་སོང་།།
དབྱར་གསང་ལྷ་མོའི་སྒེགས་ཉམས་འོག་ནས།།
རྩི་ཤིང་དྲི་བསུང་ཕྱོགས་སུ་ལྡང་སྟེ།།
གཡུ་སྦྲང་གཞོན་ནུས་མགུར་གླུ་གྱེར་དུས།།
དབྱར་གྱི་ཕུན་ཚོགས་ཡིད་ལ་འཆར་བྱུང་།།
འབྲུག་གི་ཕོ་ཆེན་གནམ་ནས་ལྡིང་ནས།།
འུར་སྒྲ་ཆེན་པོ་ས་ཆེན་འགེགས་ནས།།
དྲག་ཆར་བསིལ་པོས་རི་ལུང་གཤེར་དུས།།
རླུང་གི་རྒྱལ་མཚན་མཁའ་ལ་བྲིས་སོང་།།
འདུས་པའི་མི་ཚོགས་སོ་སོར་གྱེས་ནས།།
བློ་སེམས་མཐུན་པའི་ཆོས་གྲོཊ་ཁྱུ་གཅིག།།
དབྱར་གྱི་དགའ་སྟོན་བལྟས་བཞིན་བལྟན་བཞིན།།
ལམ་ཐག་རིང་པོ་དགའ་འཛུམ་ཆོད་སོང་།།
✋热门推荐