འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་པ་བར་སྐབས་སུ་ངག་རྒྱུན་འཆུག་ནས་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་ཞེས་བྲིས་པ་ནི་རྒྱུ་འབྲས་གོ་ལྡོག་པར་འགྱུར་བས་མི་ལེགས་སོ།།
རྗེ་བླ་མའི་ཐུགས་རྗེ་ཡིད་ལ་བཅངས་ནས།ཡབ་མེས་པོའི་གཟི་དཔང་ཐོད་དུ་ལངས་ནས།འཇིགས་སྐྲག་དང་ཞེད་པ་ཟུར་དུ་བཞག་ནས།ཡུལ་དབུས་ལྷ་སའི་གྲོང་གི་རིམས་འགོག་བྱ་བར་རང་ནུས་ཀྱི་ཞབས་འདེགས་ཅུང་ཟད་ཙམ་པོ་གཅིག་ཏུ་རང་ཡུལ་གྱི་རིམས་འགོག་བྱ་བར་སྲི་ཞུ་བསྒྲུབ་མ་ཐུབ་པའི་འཚབ་དང་སྒོས་སུ་ཡུལ་དབུས་གྲོང་གི་རིགས་གཅིག་སྤུན་ཟླ་ཡོངས་ཀྱི་རིམས་འགོག་རྒྱལ་ཁ་འཐོབ་པའི་སྐྱོར་མར་དགེའོ།མྱུར་བར་རིམས་ནད་ལས་རྒྱལ་ཅིང་བསྐྱར་དུ་བདེ་འཇགས་ཀྱི་འཚོ་བར་སླེབས་ཐེབས་པ་ཤོག
ལྷ་ས་ནི་བོད་ཁ་བ་ཅན་གྱི་སྲིད་འབྱོར་རིག་གསུམ་གྱི་དབུས་ཡིན། ལྷ་ས་ནི་བོད་ཀྱི་ཟུངས་ཁྲག་གཙང་མ་འདིའི་མགོ་ཁུངས་ཡིན། ལྷ་ས་ནི ང་ཚོའི་སེམས་ཀྱི་ཁེན་ས་དང་བླ་སྲོག་གི་ཆེས་ཐ་མའི་གནས་མལ་ལགས་ན། ད་ཐེངས་སྙིང་རུས་བསྐྱེད་ནས། ཨ་ཆེན་ཁ་བ་སྤྱི་འབབ་འདིར་ཆོད་སེམས་བརྟན་པོས་གདོང་གཏད་པའི་རེ་བ་ཡོད།
✋热门推荐