༧༠༣ གཡུ་ཡི་ལྭ་བ་གྱོན་པ་ནགས་ཚལ་དང་། །
རྫ་ཆུ་བསིལ་མ་འབབ་པའི་འགྲམ་པ་ལ། །
སྣང་བྱེད་འོད་ཀྱི་ཟེགས་མ་འཐོར་བ་ན། །
ཐོག་མའི་ལས་ཀྱི་དབུ་ཁྱུད་བྲི་བར་བྱས། །

༧༠༤ གཡུ་ཡི་ཞུན་མ་འཁྱིལ་བ་ལྟ་བུར་དཔེ། །
གྲགས་སྙན་འཕུར་བའི་ལྷ་མོའི་བླ་མཚོ་ལ། །
མཇལ་བའི་འདུན་པ་རིང་བར་བསྲིངས་ན་ཡང་།
གཞན་དབང་ཐ་གུས་བསྡམས་པས་མཇལ་མ་གྱུར། །

༧༠༥ དེ་ནས་སྣང་རྫོང་མིང་བྱང་མངོན་པའི་ལམ། །
བསྐྱོད་པའི་འདུ་བྱེད་གསལ་བའི་བར་གླགས་ནས། །
མ་ཧཱ་གུ་རུའི་རི་ཁྲོད་བརྗིད་ཆགས་གང་། །
བྱས་པ་དམན་ཡང་དད་འདུན་སོར་མོར་རེག །

༧༠༦ དུ་མའི་ལམ་ཐག་བཅད་པའི་མར་སྣེ་ན། །
རྡོ་ལམ་གཡུ་འབྲུག་འཁྱུག་པའི་ཡར་སྣེ་ན། །
དམ་པའི་ལུང་གིས་ཟིན་པའི་གནས་མདུན་ན། །
ལྷུན་ཆགས་དྭགས་ལྷ་སྒམ་པོའི་དགོན་སྡེ་ལགས། །

༧༠༧ མཉམ་མེད་དྭགས་པོ་རྣམ་གྲོལ་བརྙེས་པའི་གནས། །
ཀརྨ་གླིང་པས་ཐོས་གྲོལ་གཏེར་བཞེས་ཡུལ། །
བྱིན་རླབས་བདུད་རྩིས་དགའ་སྟོན་སྤེལ་བ་ཡི། །
དྭགས་ལྷ་སྒམ་པོའི་གནས་མཆོག་ལྟ་ན་སྡུག །

༧༠༨ མཚར་སྡུག་རི་མོ་གསལ་བའི་གན་དྷོ་ལ། །
ཕྲེང་ལ་བསྟར་བ་རིམ་བཞིན་མཇལ་བ་ན། །
སྐུ་གསུང་ཐུགས་རྟེན་རྣམས་བགྲང་དཀའ་ཡང་། །
རྟེན་གྱི་གཙོ་བོ་མཇལ་བ་འདི་གཉིས་ལགས། །

༧༠༩ མཉམ་མེད་དྭགས་ལྷ་སྒམ་པོ་མཆོག་གི་ནི། །
འཛམ་གླིང་གྲགས་པའི་སྣང་བརྙན་ང་འདྲ་མ། །
གཞན་ཡང་ཀྱོ་བོ་ཡེ་ཤེས་རྡོ་རྗེ་ཡིས། །
གཏེར་བཞེས་ཚེ་དཔག་མེད་པ་རང་བྱོན་ནོ། །

༧༡༠ འཕགས་ཡུལ་བསིལ་བ་ཚལ་གྱི་དུར་ཁྲོད་དང་། །
བྱིན་རླབས་མཉམ་ཞེས་དྭགས་པོ་ཟླ་འོད་གཞོན། །
གང་གི་ཞལ་གྱིས་གསུངས་པའི་རྡོ་རྗེའི་གསུང་། །
ཐོབ་པ་དེ་ནས་གུང་ཟས་བསྟབ་པར་བྱས། །

༧༡༡ ཡར་ཀླུང་གཙང་པོར་འཚོ་བའི་གསེར་མིག་ཁྱུ། །
མིན་ཡང་གཙང་པོར་འགྲོགས་པའི་ཆོ་ག་དང་། །
ཐང་དཀར་མིན་ཡང་ཡང་སྟེང་མཁའ་ཡི་ལམ། །
གཅོད་པའི་བརྟུལ་ཞུགས་ཤིག་གིས་སྣང་རྫོང་ལྷགས། །

༧༡༢ རྫོང་དང་རིང་བར་མ་གྱུར་ཡུལ་ཚོ་སྟེ། །
ལ་ཐོག་བྱ་བ་བརྒྱུད་པའི་ལམ་གྱི་སྣེ། །
དོགས་ལ་འགག་འཕྲང་བགྲང་གྱིས་མི་ལང་བ། །
བརྒྱུད་ནས་ཙ་རིར་བསྐྱོད་པའི་ངང་ཚུལ་བཟུང་། །

༧༡༣ ལམ་གྱི་མཁྲིས་ན་མིང་བྱང་སྟོང་གྱུར་བས། །
ལམ་སྟེགས་གཉིས་རེ་ཉེ་བར་གསལ་བ་ལ། །
ཡིད་གཉིས་དྲྭ་བ་དཔྱངས་པའི་ཆོ་ག་རེེར། །
འཐབ་པའི་ལས་སུ་མི་ཞུགས་རང་དབང་ཅི། །

༧༡༤ རྩེ་མོར་རྫ་རི་མུ་ཁྱུད་བསྟར་ལ་བགྱིས། །
འདབས་ན་ནགས་ཀླུང་སྟུག་པོས་ཡོངས་སུ་བསྐོར། །
ཞོལ་དུ་གཡུ་མཚོ་དུ་མ་འཁྱིལ་བའི་འགྲམ། །
ལམ་སྟེགས་རིང་དུ་འཆའ་བ་མ་བྲུལ་ལོ། །

༧༡༥ གཡུ་ཡི་རང་མདངས་རྒྱས་ཤིང་འདར་ལྡན་འཛུམ། །
མཚར་སྡུག་མཛེས་པ་འབར་ཡང་རྒྱུ་བའི་ལམ། །
འདམ་དང་འཐམ་པའི་རྡོ་ལམ་མི་སྡུག་པས། །
འཁྱུད་པའི་བྱང་ཆིན་ལ་ལ་ཉེ་བར་བཅད། །

༧༡༦ བྱེ་མས་རི་ལུང་ཁྱབ་པའི་ཡུལ་གྲུ་ནས་། །
དེ་སྔོན་ལྟ་བྱེད་ལམ་དུ་མ་ལྷུང་བ། །
མཚར་སྡུག་ལང་ཚོ་འབར་བའི་མཛེས་པ་ལ། །
གཞན་དཔེས་སྟོང་ནས་རང་ཉིད་དཔེ་རུ་འགོད། །

༧༡༧ དེ་ནས་མུན་པ་གྱོན་པའི་འཇིག་རྟེན་ངོགས། །
མཚན་མོར་རྒྱུ་བའི་བརྟུལ་ཞུགས་མ་བོར་བར། །
ཙ་རི་བྱ་བའི་ཡུལ་ཚོ་དེ་ཉིད་ལ། །
ལྷགས་ནས་ངལ་བ་གསོ་བའི་ལས་ལ་ཞུགས། །

༨.༧ཉིན་རྒྱ་ཚ་རྫོང་ནས་སྣང་རྫོང་བརྒྱུད་དེ་ཙ་རི་ཡུལ་ཚོ་ལ་ལྷགས་པའི་ཟིན་ཐུན། #✍️ དྲང་འཇུག།#

ལས་དབང་།

ཐབས་ཤེས་རིགས་པའི་སྙིང་སྤོབས་འབུམ་རྫོགས་པའི།།
ཆོས་རྒྱལ་ཡབ་མེས་སྟོང་གི་ཐུགས་བསྐྱེད་ལས།།
ལེགས་བྲིས་རྔམ་བརྗིད་རི་བོ་པོ་ཏ་ལ།།
སྔོན་ཞིག་མཚར་སྡུག་མདངས་ཀྱིས་སྒེག་པ་དྲན།།

བཙན་བརྗིད་བཀའ་ཡི་འཁོར་ལོ་གཅིག་གིས་ཀྱང་།།
སྟོབས་འབྱོར་དཔལ་གྱིས་དྲེགས་པའི་གླིང་བཞིའི་སྡེ།།
འཁོར་དུ་སྒྱུར་བའི་སྲིད་གསུམ་གྲགས་པ་ཅན།།
རྒྱལ་བློན་དཔྱོད་ཤེས་ཅན་ཚོ་ལྷག་ཏུ་དྲན།།

རང་དབང་བག་ཕེབས་འཚོ་བའི་སྐྱེད་ཚལ་ནས།།
ཆོས་སྲིད་ཉི་ཟླ་ཟུང་གི་འོད་སྣང་གིས།།
རྒྱལ་འབངས་ཀུ་མུ་ད་ཡི་ཆུན་པོའི་ཚོགས།།
དོན་དམ་བདེ་དགའི་དཔལ་གྱིས་མྱོས་པ་དྲན།།

རབ་བསྡིགས་བྱང་རླུང་རྣོན་པོའི་སོ་བར་ནས།།
གར་འགྲོའི་ལམ་གྱི་མཐའ་ཡང་མི་ཟིན་པའི།།
གཉོོམ་ཆུང་ལས་དབང་སྐྱ་བོ་འདི་བསམ་ན།།
མེས་པོ་བཀའ་དྲིན་ཅན་དག་ལྷག་ཏུ་དྲན།།

འདས་དོན་ལོ་རྒྱུས་བསམ་ན་གློ་བ་དགའ།།
འབྱུང་འགྱུར་རྨི་ལམ་བསམ་ན་ཞེ་རྩ་འཁྲུགས།།
རིགས་ཀྱི་ལས་དབང་བསམ་ན་ནང་ཤ་འགུལ།།
བསམ་ཞིང་བསམ་ན་སྙིང་རླུང་སྟོད་ལ་འཚང་།།



དབང་སྒྱུར་ཐབས་ཀྱི་གཡོ་འཕྲུལ་འབུམ་རྫོགས་པའི།།
རྔམ་གནག་བདུད་སྡེའི་དཔུང་གི་བརྫུ་བག་ལས། །
དྲང་བདེན་གཞུང་རྒྱུད་ཡངས་པའི་ལྷ་ཡི་ཚོགས།།
བྲན་དུ་བཀོལ་པའི་ལས་དབང་མི་སྐྱོ་ཅི།།

མངའ་ཐང་ལྷ་ཡི་དཔལ་ལ་རབ་སྙེག་པའི། །
མེས་དབོན་རྣམ་གསུམ་མཚན་གྱི་ཅོད་པན་གྱིས། །
ཆོལ་གསུམ་རིགས་ཀྱི་མཚན་སྙན་བསྐྱངས་པའི་ཚུལ། །
བསམ་ཞིང་དགའ་སྐྱོའི་མཆི་མ་ཞེ་ལ་འཁོར། །

༢༠༢༢,༣’༧

#噶举祖庭一洛卓沃龙寺[超话]#
ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་ཞེས་པའི་འགྲེལ་བཤད།

ལོངས་སྤྱོད་རྫོགས་པའི་སྐུ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་ཞིང་སྐུ་བཞི་ཡེ་ཤེས་ལྔ་རོ་གཅིག་པའི་བདག་ཉིད་དཔལ་རྡོ་རྗེ་འཆང་ཆེན་པོ་སྟེ།
མཚན་དོན་ནི། རྣམ་པར་རྟོག་པ་དང་མཚན་འཛིན་གྱིས་མི་ཤིགས་པའི་གཟུང་འཛིན་ལས་རྣམ་པར་གྲོལ་བའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནམ་མཁའ་ལྟ་བུའི་རྡོ་རྗེས་འཁྲུལ་རྟོག་ཐམས་ཅད་རབ་ཏུ་འཇོམས་པས་རྡོ་རྗེ་ཞེས་བྱ་སྟེ། འཆང་བ་ནི་དེ་ལྟ་བུའི་ཡེ་ཤེས་དེ་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་འཆང་བའམ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ་བདེ་མཆོག་གི་རྒྱུད་ལས། རྣམ་པར་རྟོག་པས་མི་ཤིགས་ཅིང་། །མི་ཕྱེད་དབྱིངས་དང་ཡེ་ཤེས་ཀྱིས། །རྡོ་རྗེས་རྟོག་ཚོགས་ཀུན་བཅོམ་པས། །དེང་འདིར་རྡོ་རྗེ་འཛིན་པར་བརྗོད། །ཅེས་གསུངས་པ་ལྟར་དང་།
ཡང་ཀུན་མཁྱེན་ཆེན་པོས། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། །ངོ་བོ་ཉིད་ཀྱི་སྐུ་ཡི་མཚན་ཉིད་ཅན་དང་། རྡོ་རྗེ་སྣ་ཚོགས་གཟུགས་ཅན་སྤྲུལ་པ་སྐུ་ཡི་མཚན་ཉིད་ཅན་དང་། འཆང་བ་གཞོམ་དུ་མེད་པའི་སྒྲ་བརྙན་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཅན་དང་། ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆོས་ཀྱི་སྐུ་ཡི་མཚན་ཉིད་ཅན་ཏེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཡེ་ཤེས་དབྱེར་མེད་པ་གང་ལ་རྡོ་རྗེ་འཆང་ཞེས་བྱའོ། །ཞེས་གསུངས།
ཡན་ལག་བདུན་ནི།
༡ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དོན་དམ་བདེན་པ་དེ་དང་སྒྲིབ་པ་མེད་པའི་བདག་བྱིན་རླབས་ཀུན་རྫོབ་ཀྱི་བདེན་པ་གཉིས་དངོས་པོ་གཅིག་ཏུ་གྱུར་པས་སྐུ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་ཡན་ལག་དང་། ༢དེ་ཡང་ཁ་སྦྱོར་གྱིས་མཚོན་པའི་བདེ་བ་ལ་ལོངས་སྤྱོད་པ་ཁ་སྦྱོར་གྱི་ཡན་ལག་དང་། ༣བདེ་བ་དེ་ཡང་ཟག་མེད་ཀྱི་བདེ་བ་ཡིན་པས་བདེ་ཆེན་གྱི་ཡན་ལག་དང་། ༤བདེ་བའི་ཚེ་ན་གཟུང་འཛིན་གྱིས་མ་བསླད་པར་རང་བཞིན་མེད་པའི་ཡན་ལག་དང་། ༥གཟུང་འཛིན་གྱི་རྟོག་པ་མེད་བཞིན་དུ་གཟུགས་སྐུའི་སྣང་བ་འབྱུང་བས་ཐུགས་རྗེ་ཆེན་པོའི་ཡན་ལག་དང་། ༦གཟུགས་སྐུ་གཉིས་པོ་རྒྱུན་མི་འཆད་པར་སྤྲོ་བ་རྒྱུན་མི་འཆད་པའི་ཡན་ལག་དང་། ༧སྔར་བཤད་པའི་ཡན་ལག་དང་པོ་དེ་རེས་འགའ་བར་མིན་པར་གཏན་དུ་གནས་པའི་འགོག་པ་མེད་པའི་ཡན་ལག་སྟེ་བདུན་ནོ། །


发布     👍 0 举报 写留言 🖊   
✋热门推荐
  • 四气所伤论    《素问·生气通天论篇》曰:春伤于风,邪气留连,乃为洞泄。夏伤于暑,秋为痎疟。秋伤于湿,上逆而欬,发为痿厥。冬伤于寒,春必病温。《阴阳应象论篇》
  • 气虚不能托脓加生黄芪补气托毒,胸部胀满,喘不得卧,大便秘结,脉滑数有力,可予桔梗、白散峻驱其脓,每服0.6克。若邪恋正虚,咯痰腥臭脓浊,反复迁延日久不净,当扶正
  • #浩瀚星尘[超话]##派九# 一年好快[悲伤][悲伤]每一步都记得很清楚[太开心]一周年快乐[心]一周年了好快回想去年这个阶段,太绝望了,那个阶段不愿回想但又不
  • #随手拍#(图/文:湖南省常德市鼎城区人民法院 宋才华)#天平杯随手拍大赛#【坝上草原,带你远离尘世喧嚣】浩瀚的坝上草原,无论春夏秋冬、日月星辰,都是那么的令人
  • 很想说其实跟朋友去外面吃饭的时候恨不得隔壁桌是腻歪到死的甜蜜小情侣都不愿意坐一桌相亲的 不管是见第一面还是第三四面两个人尴尬到不知道聊什么的时候硬掰的话听了我都
  • 更多网友是表示祝福,还说“好在早早离了婚,要不然因为离婚冷静期还不一定能离得掉”对于有的女人而言,婚姻是牢笼,真的离了反倒是让自己从中解脱了出来。马伊琍是越活越
  • 12.有人可爱,有梦可待。12.有人可爱,有梦可待。
  • 又出错我咋办[苦涩][苦涩])还不如一开始就开个容易的选题,说少一些就不会出错[可爱][可爱](准备多看查尔斯本人的文章了,卑微jpg)注定是要被批评的,但是我
  • 购物分享:熊猫dunk终于有了(说实话那天也没想到自己会抢到都在说凯撒的本子很好用 买了两个真的有点心痛麻辣拌真的太好吃了 要不是封校可能现在还没吃过因为一杯奶
  • 紅灸三寶吸取了千年神奇灸疗雷火、太乙神针的精髓,选择核心成分朱砂在日月精华的矿脉中采集,因吸收天地之正气,所以带有极强的磁场,同时将高科技纳米红玉微粉、多功能高
  • 年仅二十六岁的他,别说在国内,即便是国际上,也是财力雄厚屈指可数的人物。 年仅二十六岁的他,别说在国内,即便是国际上,也是财力雄厚屈指可数的人物。
  • #王俊凯的追梦十年#我在想,这十年对你来说,没有辜负,是充满了进阶和成长的路程。是的,你一直在温暖和鼓励着我,用一种遥不可及的方式,很多近在咫尺的人,也能孤独得
  • (坏运气总会来有的时候长则数年,就看你能不能够积极面对,若是就此沉沦谁也帮不了你,深圳的李总近几年事.业滑.铁卢,损失了数.千.W,对其自身来说只是一次挫折但没
  • ”魏无羡心中微酸,虽然早就知道他们两先于自己相识,可是这么明晃晃的讲出来,逼着他面对,他还是心上不大舒服,“所以呢?沈容与颤颤巍巍的从地上爬起来,也不去看蓝忘机
  • #十三同学的碎碎念# 28岁的叶少南,你好啊​小爷我掐指一算,咱两认识三年了​希望之后还会有下一个三年​你都28了,所以我叫你叔叔是完全没有问题的对吧(๑╹ヮ╹
  • #1032豫见正能量# 【河南两交警岗连续收到爱心餐 半个月菜品不重样】从11月28日开始,洛阳西工区两个交警岗每天都会收到一份神秘的爱心餐,份数是根据在岗执勤
  • !!
  • 1984年,江苏狮子山的几个“村娃娃”在玩土。小手一抠,抠出一堆好看的“泥娃娃”!这时,一个机灵鬼提议:“咱把它卖了吧,1个卖10块钱,卖完买冰棍儿吃!”谁知,
  • 我本以为自己会渐渐淡了,但当我再一次静下心来安心地听他唱歌时,一切又都没变,你还是我一直喜欢着的那个少年,温柔,美好,纯真,善良,像个天使一般,轻抚我的心灵,在
  • 摩羯座如果你和摩羯不熟悉,不管怎么看,都觉得他们是不能亵玩的高岭之花,跟他开玩笑,都感觉需要勇气,这种威慑力,挺让人害怕的。我就是这样一个外表看着乖巧,实则天生