མན་ལུང་གུ་རུའི་ལམ་ཡིག་ཏུ།

“གུ་གེ་གྲོ་ལིང་ན་ལོཙྪ་བ་རིན་ཆེན་བཟང་པོས་བཞེངས་པའི་ལྷ་ཁང་ནི་ཧོར་གྱིས་མེ་བརྒྱབས་ནས་མེད། དུས་ཕྱི་དུས་ཤིག་ལ་བྱས་པའི་ལྷ་ཁང་སུམ་བརྩེགས་ལ་འོག་ཁང་གི་ནང་ན་གསང་འདུས་ཀྱི་དཀྱིལ་འཁོར་དང་། གྱང་རིས་སོགས་སྔར་དང་ཆ་མཐུན་ཙམ་འདུག གུ་གེའི་ཡུལ་དེ་ཞང་ཞུང་གི་བོན་པོའི་ཡུལ་དུ་འདུག དེའི་སྨད་ན་ད་ལྟ་ཡང་བོད་སྐད་མ་ཡིན་པའི་ཁོ་རང་ཚོས་སྐད་ཟུར་པ་ཞིག་ལབ་པ་ཡིན།”


#དཔེ་ཀློག་ཐོར་བཏུས།

༣༦༨ ཞོགས་པའི་ཉི་ཟེར་དབུ་རྩེར་འཁྱུད་པ་ལ། །
ཕ་ཡུལ་ལས་ལྷག་ཅུང་ཙམ་དལ་བ་ཅན། །
གང་གི་དུས་སུ་སླར་ཡང་བྱིན་ལྡན་གནས། །
མ་ཧཱ་གུ་རུའི་ཕུག་པ་ལ་སོགས་བསྐོར། །

༣༦༩ དམ་པས་ཞབས་ཀྱིས་བཅགས་པའི་བྱིན་རླབས་ཕོན། །
འདི་ལྟར་ལགས་སོ་ཕལ་བའི་རི་བོ་དག །
ལྗང་མྱུག་ལང་ཚོས་ཉེ་བརབཏང་ན་ཡང་། །
གནས་འདིར་ལྷ་ཤིང་ཤུག་དང་མེ་ཏོག་འཁྲུངས། །

༣༧༠ རི་སྐྱེས་སྲོག་ཆགས་ཁྱུ་དང་ཁྱུ་བྱས་ནས། །
བག་ཡངས་རྒྱུ་བའི་ངང་ཚུལ་རྨད་བྱུང་བ། །
རིང་བ་མ་ཡིན་བྱིན་ལྡན་གནས་ཀྱི་རིར། །
མཐོང་བྱེད་ལམ་དུ་འཛིན་ལ་སྤྲོ་བ་ཞིག །

༣༧༡ དེ་ལྟར་ལྷག་པའི་མཚར་སྡུག་སྙིང་ལ་བསྟར། །
བྱིན་རླབས་བདུད་རྩིའི་གཏེར་ལ་དང་བ་ཞིག །
འཕོས་བཞིན་བྱིན་རླབས་བདུད་རྩིའི་ཆུ་གཏེར་ཆེ། །
འཕྱུར་བའི་གནས་ལ་ཕྱིན་རྗེས་ལམ་ལ་ཆས། །

༣༧༢ རིང་བ་མ་ཡིན་འདབས་ནས་ལྟ་བྱེད་ཟུང་། །
གཡའ་བྲག་འཐབ་པའི་གནས་ཀྱི་བྱིན་ལྡན་ཕུག །
གང་ལ་ཐོགས་ཀྱིན་ལམ་གྱི་སྣེ་མོ་དེ། །
ནུབ་ཀྱི་ཕྱོགས་ལ་འཐེན་པར་གྲོགས་སུ་བྱས། །

༣༧༣ ཐང་སྟོང་རྒྱལ་བོ་འཁྲུངས་པའི་ཕ་ས་སྟེ། །
རྣམ་གསུམ་རི་བོ་ཆེ་ལས་ཅུང་རི་ཆེན། །
རེ་བའི་འདུན་མ་ཞིག་གིས་རྒྱབ་ཏུ་ཁུར། །
ལྷོ་བྲག་དགོན་ལ་མཇལ་ཁ་ཞུ་བར་ཕྱིན། །

༣༧༤ ཀྱོག་ཀྱོག་ལམ་བུ་སྟོར་བའི་ངལ་བ་ཞིག །
སྦྱིན་ཡང་ལྷག་པའི་བསམ་པ་མ་རྙིང་བ། །
དུ་མའི་དྲིན་གྱིས་གང་ལ་རྒྱུ་བའི་ལམ། །
ལས་ཀྱི་སོར་མོའི་འདུ་བྱེད་གཉེན་དུ་སོན། །

༣༧༥ སྙན་པའི་བ་དན་སྲིད་གསུམ་གཡོ་བ་ཡི། །
ལྟད་མོ་སྐྱེ་དགུའི་མཐོང་བར་མ་གྱུར་མོད། །
བྱིན་ལྡན་གནས་ཀྱི་ཕྲེང་བ་བསྟར་བ་ཡི། །
ངོ་མཚར་མིག་གི་ལམ་དུ་འདི་ལྟར་ལྷུང་། །

༣༧༦ སྔོན་ཚེ་ཨོ་རྒྱན་ཆེན་པོའི་ཞབས་ཀྱིས་བཅགས། །
སྒྲུབ་པའི་རྒྱལ་མཚན་བསྒྲེང་བའི་ཕུག་པ་དང་། །
རིག་འཛིན་རྒོད་ཀྱི་ལྡེམ་འཕྲུས་མཛོད་ལྔའི་གཏེར། །
བཞེས་པའི་གཏེར་ཁུང་རྣམ་གཉིས་ལྷན་ཅིག་མཇལ། །

༣༧༧ དེ་ནས་བཟོ་བོས་མ་ཡིན་རང་བྱུང་ལམ། །
བྲག་རིའི་ཐེམ་པ་དག་ལ་བརྒལ་བ་ན། །
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྒྲུབ་ཕུག་ཏེ། །
མཇལ་ན་དད་འདུན་འཕྱུར་བ་ལྷུན་ཆགས་སེ། །

༣༧༨ དེ་འོག་ཅུང་ཙམ་ཕྱིན་ན་སྒྲུབ་ཆུ་དག །
བྱེད་པོས་ཕྲེང་ལ་བསྟར་བ་མ་ཡིན་པ། །
བསམ་གཏན་རྒན་པོ་དག་ལ་བཞི་ཟུང་ཆོས། །
ཉེར་རྫོགས་མཆོད་ཡོན་བདུད་རྩི་དྭངས་སང་ངེ་། །

༣༧༩ བརྣག་དཀའ་བརྣག་པའི་རྣལ་འབྱོར་ཆེན་པོ་ཞིག །
ཚེ་གཅིག་སངས་རྒྱས་ལམ་ལ་བསྙེགས་པ་ཞིག །
གངས་ལ་ཉི་མ་ཤར་འདྲའི་བསྔགས་པ་ཞིག །
ཐོབ་པའི་མི་ལ་མཆོག་གི་སྒྲུབ་ཕུག་མཇལ། །

༣༨༠ རིམ་པ་བསྟར་བའི་ལྷུན་ཆགས་སྒྲུབ་ཕུག་དག །
རིམ་པ་བཞིན་དུ་མཇལ་ཁ་ཞུ་བ་རྫོགས། །
ལྷོ་བྲག་དགོན་པའི་ནང་དུ་བྱིན་ལྡན་རྟེན། །
བཞུགས་པ་ཐོས་གྱུར་མངོན་སུམ་མཇལ་བར་ཕྱིན། །

༣༨༡ རིག་འཛིན་རྒོད་ཀྱི་ལྡེ་འཕྲུས་གཏེར་གྱི་སྒོ། །
འབྱེད་བྱེད་སྣང་སྲིད་གསལ་བའི་ལྡེ་མིག་དང་། །
གོར་མར་ཡིག་དྲུག་མ་ཎི་རང་བྱོན་སོགས། །
དང་བའི་ལྷ་རེག་བཏེགས་པའི་གཉེན་དུ་བྱས། །

༣༨༢ གུང་ཟས་རོལ་བའི་བསྟི་སྟངས་དེ་ནས་བགྱིས། །
རི་བོའི་རྩེ་ན་ཁ་བའི་འདབ་མ་དང་། །
ཡངས་པའི་ཐང་ན་བྱེ་རླུང་འཐབ་པ་ཡི། །
དབྱར་ཟླའི་མཛེས་པ་བོར་བའི་ལམ་དག་བཅད། །

༣༨༣ ངམ་རིང་རྫོང་ལ་བདེ་མོ་འཇོག་པ་དང་། །
ས་དགའ་རྫོང་གི་ཕེབས་བསུ་བྱེད་པ་གཉིས། །
ལྷན་ཅིག་བྱེད་པའི་ཆ་ལ་མ་བགོས་ཀྱང་། །
ལས་ཀྱི་བགྱི་བ་ཞིག་གིས་ལྷན་ཏུ་འཛོམས། །

༣༨༤ རེས་འགར་གཡང་གི་སྒོ་ཕྱུགས་ཞལ་ཟས་ལ། །
སྔོ་ལྗང་ཐགས་སུ་བཀྲ་བའི་མཛེས་པ་དང་། །
རེས་འགར་མི་སྡུག་ལང་ཚོ་འཛིན་པའི་གཞུང་། །
རིམ་པ་བཞིན་དུ་མཐོང་བྱེད་ལམ་དུ་གསལ། །

༣༨༥ སྔོན་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས། །
མཐའ་འདུལ་ཡང་འདུལ་བྱ་བའི་གཙུག་ལག་ཁང་། །
བྱས་པའི་ཡང་འདུལ་དཔལ་བདུན་དགོན་པ་ཞེས། །
ཨོ་རྒྱན་ཞབས་ཀྱིས་བཅགས་པའི་གནས་སུ་ཕྱིན། །

༣༨༦ གང་ན་ཚོགས་གཉིས་སྒོ་འཕར་འབྱེད་པའི་གཉེན། །
རྟེན་གྱི་གཙོ་བོ་སངས་རྒྱས་འོད་སྲུང་གིས། །
རྐང་བདུན་དབུ་སྐྲ་གཟུངས་སུ་གཞུག་པ་ཡི། །
རྣམ་ལྷ་དཀར་པོ་ལ་སོགས་སྤྱི་བོར་མཆོད། །

༣༨༧ དེ་ནས་མི་རིང་གནས་སུ་ཆགས་པ་ཡི། །
ཆེ་བ་མ་ཡིན་འབྲོག་པོ་བྱ་བའི་རྫོང་། །
ངལ་བ་གསོ་བའི་གནང་ཚང་འཚོལ་བ་ལ། །
གསེར་མིག་ཆུང་ངུ་ཞིག་གི་བརྟུལ་ཞུགས་བཟུང་། །

༧.༢༥ཉིན་བཀྲ་བཟང་དགོན་ནས་འབྲོག་པོ་རྫོང་ལ་བགྲོད་པའི་ཟིན་ཐུན། #✍️ དྲང་འཇུག།#

今天是藏历二十五日十方空行母等至尊圣度母的殊胜加持日,无论行善与恶都会变动一千一百万倍。ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།།
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།
འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།།


发布     👍 0 举报 写留言 🖊   
✋热门推荐
  • 图7《英雄本色》:无他,朋友就该有一张这样的照片,为了a better tomorrow。 @中国长安网 @山西政法 @尧都政法爷爷奶奶叔叔阿姨哥哥姐姐们~ 你
  • 朋友圈文案|很有深意的爱情句子[心]一、我做好了要与你过一辈子的打算,也做好了你随时要走的准备,这大概是最好的爱情观,深情而不纠缠。七、真正在乎你的人,口袋里总
  •   双方协商结束后,索米奥医疗美容机构的肖院长称:“下周一我们会先带她去耳鼻喉医院检查鼻子,如果检查完之后没有问题,咱还可以走下一步流程,我们不会对顾客不管不问
  • #这就是考研的意义吧# 昨天考研成绩出来,翻到三年前考研前一天的朋友圈,备考从夏天到冬天,一路上有很好的研友,有很负责任的老师,记得我有一天实在累的不想上课去,
  • 太阳从云端升起,一切都那么美丽、充满力量,阴霾密布的日子总会过去阳光微淡,现世安稳,岁月静好,这是我想要的生活好的坏的就照单全收吧,不要任何事情都跟别人讲,这世
  • 或许他心高气傲除了复旦哪也不去,可为啥又上了个职业学校呢!#16句话回答人为什么要读书#每年的3.21~3.26是我追思母亲的日子,在今后的每一年的这一个礼拜,
  • ”子曰:“富与贵,是人之所欲也;不以其道得之,不处也。”原句译文:孔子说:“一个人一旦把“求仁”树立为自己的理想,那就不会为非作歹。
  • 视觉总监说:如果你看完这部片子,你觉得,哇,红熊猫好可爱,看的开心那也足够了。但是,真的太好看了,那个可爱的要命的红熊猫,真的能看到青春期的自己。
  • ”还有人说:“他大概喜欢上了女主的萨曼莎和瑞秋…”(看过第一集的人会懂)我笑得…!至于男一……哈哈哈哈自恋的人设,自从女一说他“长得像始祖鸟”观众就在刷:“我来
  • 格林山脉(Greener Mountains)是一个家庭友善的故事,它讲述了如何在世界上找到自己的位置。但是随着一位年轻,自由奔放的纽约艺术家爱丽丝·弗林(Al
  • #知识buff加成计划# #v光计划# #离婚# #婚姻#阿斯伯格综合征孩子运动能力不佳的一个后果,就是会收到同伴、班上同学的排挤,他们也可能因为自己运动能力不
  • #csy’s serendipity# 今天拍的外婆家院子的梨花和桃花还有油菜花[哇] serendipity,[并不简单]今天偶然看到这个词感觉很符合现在的
  • 当初贸易战特朗普为了避免美国企业损失太大,对2200多项商品进行一定时间范围内关税豁免,后来时间到了经过评估,2200种商品大部分取消豁免,加征关税,只有549
  • 6、你是我穷极一生未做完的一场梦,而我是你一念之间刮过来的一阵风,不怪别的,怪就怪我不出众的脸,留不住你跳动的眼。談到這點是想引出,以往看的無論是大家說得多麼誇
  • 【中韩双语新闻】海外入境韩国10天隔离措施延长至明年1月6日 / 해외입국자 10일간 자가격리 조치 내년 1월 6일까지 연장韩国中央防疫对策本部14日召开
  • 《#神秘海域[电影]# 》中荷兰弟的手机是来自@索尼-Xperia 的 Xperia XZ Premium 黑色,这可是一代神机了,当年索尼移动在这部手机上搭载
  • 奉和虢州刘给事使君三堂新题二十一咏·竹洞[唐] 韩愈竹洞何年有,公初斫竹开。奉和虢州刘给事使君三堂新题二十一咏·花源[唐] 韩愈源上花初发,公应日日来。
  • 而且天蝎和金牛都有自己固执和坚守的地方,也都是冷战的高手,平时缺乏沟通和理解,容易产生误解,可能在置气的情况下,就会提出分手。天蝎座&金牛座天蝎和金牛在
  • 中国会:一家装修非常有民国上海租界味道的私人会所,上楼梯吃饭的时候经过了很多画。这家冒菜味道还算正宗,作为一个贵州人在香港呆久了乍一吃还有点小惊艳呢,实际是平均
  • 凯恩在热刺曾与迪福当过3个赛季的队友,两人曾一同为热刺出场7次,迪福曾助攻凯恩打入过1球,此外,两人也曾在英格兰队当过队友。在我职业生涯早期给我一些很好的建议以