བྱིས་པ་ཞེ་བཞིའི་ཨ་མ།
སྤྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༧ ཉིན།
ཤར་ཨ་ཧྥུ་རི་ཀའི་ཨུ་གྷན་ཊ་(Uganda) རྒྱལ་ཁབ་ཏུ་མིང་ལ་མ་རེམ་ ན་བྷ་ཌན་རྫི་(Mariam Nabatanzi)ཟེར་བའི་བུད་མེད་ཅིག་གིས་རང་ལོ་ ༤༠ ལ་སོན་བར་དུ་བྱིས་པ་ ༤༤ བཙས་ཏེ། རྒྱལ་ཁབ་དེར་ཨ་མ་ཨུ་གྷན་ཊ་ཞེས་སྐད་གྲགས་ཅན་དུ་གྱུར་བར་མ་ཟད། འཛམ་གླིང་གི་བྱིས་པ་སྐྱེད་འཕེལ་གྱི་ནུས་པ་ཆེས་བཟང་པོའི་བུད་མེད་དུའང་གྱུར་ཡོད།
བྱིས་པ་ ༤༤ ཡི་ཨ་ཕ་མོའི་ཁྱོ་ག་གཅིག་ཉིད་ཡིན་པ་དང་། སྤྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ཁོ་གཉིས་ཀྱི་བྱིས་པ་མཐའ་མ་དེ་བཙས། ཡིན་ན་ཡང་མོའི་ཁྱོ་གས་ཁྱིམ་གྱི་རྒྱུན་གྲོན་སྒོར་མོ་རྣམས་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་འདུག་པས། ད་ལྟ་མ་རེམ་ ན་བྷ་ཌན་རྫི་གཅིག་པུས་བྱིས་པ་ཚོར་ལྟ་སྐྱོང་བྱེད་ཀྱི་ཡོད།
མ་རེམ་ ན་བྷ་ཌན་རྫིས་བྱིས་པ་དེ་འདྲའི་མང་པོ་ཞིག་བཙས་ཡོད་ཀྱང་གཤག་བཅོས་དང་། སྨན་པའི་ལྟ་སྐྱོང་དམིགས་བསལ་བ་ཅི་ཡང་མེད་པར་བྱིས་པ་ ༤༤ བཙས་འདུག་པར་མི་རྣམས་དེ་བས་ཀྱང་ཧང་སངས་ཡོད།
སྨན་པས་བཤད་པ་ལྟར་ན་མ་རེམ་ ན་བྷ་ཌན་རྫིར་དུས་གཅིག་ལ་མཚེ་མ་མང་པོ་སྐྱེ་ཐུབ་པའི་ནུས་པ་ལྡན་ཞིང་། གལ་ཏེ་སྐྱེ་སྒོ་བཀག་ཚེ་གཟུགས་པོའི་ནང་ལ་ནད་གཞི་འདྲ་མིན་འབྱུང་ངེས་ཡིན་ཚུལ་བཤད་འདུག
མ་རེམ་ ན་བྷ་ཌན་རྫི་ཕ་མས་གཉེན་རྟགས་བརྒྱབ་པ་ལྟར་རང་ལོ་ ༡༢ སྟེང་གཉེན་སྒྲིག་ཅིང་། ལོ་ ༡༣ སྟེང་བྱིས་པ་ཐོག་མ་དེ་བཙས། མོས་བྱིས་པ་མཚེ་གཉིས་ཐེངས་ ༤ དང་། བྱིས་པ་མཚེ་གསུམ་ཐེངས་ ༥ ། བྱིས་པ་མཚེ་བཞི་ཐེངས་ ༥ བཅས་བཙས་ཡོད། ཁྱོ་གས་སྒོར་མོ་འཁྱེར་ཏེ་གར་སོང་ཆ་མེེད་དུ་གྱུར་རྗེས་མོ་གཅིག་པུས་བྱིས་པ་ ༣༨ གཉོར་སྐྱོང་བྱེད་ཀྱི་ཡོད་པ་དང་། བྱིས་པ་ ༤༤ ནང་ནས་ ༦ བཙའ་བའི་སྐབས་སུ་གྲོངས་འདུག
མ་རེམ་ ན་བྷ་ཌན་རྫིས་ཉིན་མཚན་གཉིས་ཀར་དངོས་པོ་སྒྲིག་གཤམ་དང་། གསོ་རིག་གི་ཐབས་ལམ་ལ་བརྟེན་ནས་སྐྲའི་ཇུས་འགོད་ཀྱི་ཆེད་ལས་བྱས་ཏེ། བྱིས་པ་ ༣༨ གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། མོས་རྒྱུན་དུ་ཉམ་ཐག་རོགས་སྐྱོར་ཚོགས་པ་དང་། ཤེས་ཡོན་སློབ་སྦྱོང་རོགས་སྐྱོར་ཚོགས་པ་ཁག་ལ་གང་ཐུབ་ཅི་ཐུབ་ཀྱིས་ཞལ་འདེབས་ཀྱང་སྟེར་གྱི་ཡོད་འདུག་ལ། མ་རེམ་ ན་བྷ་ཌན་རྫིས་རང་གི་བྱིས་པ་རྣམས་སློབ་གྲྭར་བཏང་སྟེ་གྲུབ་འབྲས་ཧ་ཅང་ཡག་པོ་ཡོང་བཞིན་པ་རེད། https://t.cn/EXS5kez

སེམས་སོང་སྙིང་གི་ནོར་བུ།  

                                               དབྱངས་ཞི་བ། (རྫ་ཆུ་ཁ།)



གཞོན་ནས་འདྲེས་པའི་ཆུང་འགྲོག་ཁྱེད་ཉིད་ལོ་འཁོར་ལྔ་ཙམ་མ་འཇལ་བའི། །

དུས་ཚིགས་འདི་ལ་དྲན་པའི་སྟོབས་ཀྱི་སེམས་ཆུང་སྤྱིལ་གྱི་མེ་ཏོག་དེ། །

ཁྱོད་ལ་དུང་ནས་རྒས་པའི་འདབ་མ་འཐོར་བར་བྱེད་པའི་ཉམ་ཆཊ་འགྱུར། །

ད་ནི་མི་འབྱུང་མྱུར་དུ་ཁྱེད་ཉིད་བདག་གི་མདུན་ལ་འཁོར་བར་ལགས། །



མཛེས་ཞིང་དུང་བའི་ཡུལ་ལྗོངས་ལེབ་མོ་སྟེང་དུ་འཛོམ་པའི་ཉིན་མོར་དེར། །

ངག་དང་དབྱངས་ཀྱི་ཆཊ་གཏམ་བརྗོད་གཞིན་ཁྱེད་ཀྱི་ནུ་བོས་མདུན་ཐོང་ནས། །

ཞལ་འཛུམ་སྐྱུས་མའི་ཟུར་མིག་གཡོ་ནས་བཅོ་ལྔའི་དགོང་མོ་འཕྲད་པར་བྱས། །

སྐབས་ཀྱི་གཏམ་དེ་སྙིང་ལ་འཆར་ཚེ་ཁེར་སྣང་འདི་ཡོངས་ཤུན་ཏུ་སྐྱོ། །



དྲན་པའི་འོག་ནས་ལོ་འགའི་སྔོན་གྱི་རཱ་མའི་རི་བོར་གཞུད་པ་ཡི། །

དྲང་སྲོང་འཕྲུལ་ཆེན་ཁྱེད་ཀྱི་རྩམས་པའི་སྤྲིན་ལ་སྐུར་བའི་དུང་བརྗོད་དེ། །

བདག་གི་ཆུང་འདྲེས་དེ་ཉིད་བསམ་གཞིན་སྐེད་འཕྲ་མེད་པའི་ཡུལ་དབུས་ནས། །

ཁ་ཐོན་ལྟ་འུར་མཚན་གཞུངས་རེ་ལ་ཚིགས་བཅད་གཉིས་ཙམ་མ་ཆད་ཀློག །



དེ་ནི་རྩོམ་ལ་དགའ་བའི་མ་ཀློག་ཁྱོད་མོ་ཁྱོད་རང་དྲན་པའི་ཀློག །

སྣང་བ་ཞིག་ལ་ང་ཡོངས་ཁེར་མར་འཁྱམ་པའི་དུས་ཀྱི་ཟླ་འདི། །

ནག་མོ་ཁོལ་གྱི་ཆུང་མ་དགའ་གཞིན་འཁྲིམ་འགར་འོག་ནས་རི་བོ་སྐྱོད། །

བདག་ཀྱང་དེ་ལྟར་ལས་ཀྱི་དབང་གི་ཁྱོད་རང་མ་འཇལ་དབེན་ལ་གནས། །



ཚངས་དབྱངས་རྒྱ་མཚོ་ཆང་མ་ཞིག་ལ་ཆཊ་པའི་བར་ནས་འདོད་གཏམ་འབྲི། །

ཐེངས་འགའ་དགའ་མ་མང་ཙམ་གཙལ་ཡང་རེ་རེ་གཞིན་དུ་གྲལ་བར་བྱས། །

འདི་ཡོངས་ལས་ཀྱི་འབྲེལ་བའི་བར་ལ་འཚོ་བ་སྐྱོ་བའི་གཏམ་རྒྱུད་ཅིག །

བར་མ་ཚུད་པའི་བར་དོ་བ་ང་ཁྱོད་ཀྱི་ལས་དབང་འདྲ་ལ་ཁེལ། །



གཏམ་རྒྱུད་འདོད་འདྲེས་འདི་དག་མཐོང་ཚེ་མི་ལོ་འགའ་ཡི་ཆུང་རོགས་ཁྱེད། ། 

མ་འཕྲད་མྱི་ལོ་ལྔ་ཡི་བར་གྱི་རྩེ་བའི་སྐུད་ཐག་མ་ཆད་པར། །

མཐུན་པའི་མེ་ཏོག་དམ་དུ་འཛིན་པའི་གཏམ་རྒྱད་ཞིག་ཀྱང་ཡོད་པར་སྣང་། །

ལོ་མ་འཐོར་བའི་སྟོན་ཟླ་འདི་ནས་རྒྱང་རིང་ཡུལ་གྱི་ཁོ་བོ་ཡིས། །



སེམས་ཆུང་དམར་པོ་སྟེངས་ལ་གནས་པའི་སྙིང་གི་བཅེས་མོ་དེ། །

མཛའ་འཕྲིན་གསེར་གྱི་རི་མོ་དཀར་པོ་དར་དཀར་མཛེས་པའི་རྩེ་འཕྲིན་འབྲི། །

འདི་ཡོངས་དོན་གྱི་ཁྱེད་ལ་དགའ་བའི་ངེས་མེད་ཡུལ་གྱི་མགྲོན་པོ་ཡི། །

མཐུན་པའི་བར་གྱི་རྟེན་གཞི་གནས་པའི་རབ་གཏམ་ཚར་མོ་ཞིག་ཡང་མཚང་། 



ཚངས་པའི་སྲས་མོ་ཡིད་ཀྱི་གུས་ནས་བདག་ལ་འགྲིམ་པའི་དབྱངས་འགྲོས་ཞིག །

བསྩོལ་བར་མཛོད་དང་ཞིང་ལ་གནས་པའི་ལྷ་མོ་དྲི་ཟའི་བུ་མོ་ལགས། །

ཞི་བའི་ཕོ་ཉ་ཁྱོ་མོའི་ཡུལ་དུ་སྐྱོད་པར་འདོད་གཞིན་མདོ་ཁམས་ནས། །

སྙན་བྱུང་འཇམ་པའི་འཚོ་བ་སྲོད་བྱེད་ཚོར་བའི་བདུད་རྩི་བདག་ལ་འཁོར། །



རྒྱང་རིང་ཡུལ་གྱི་མ་འཕྲད་བཅེས་ལོ་དྲན་པའི་ཕོ་ཉ་དུང་བརྗོད་ཡིས། །

བསུ་བར་བསམ་པའི་བློ་མཆོག་འཁོར་གཞིན་ཁོ་བོ་དལ་དུ་འཁོར་བའི་འགྲམ། །

སྐྱེ་སྔོན་གསག་པའི་ལས་ཀྱི་དབང་གི་ད་ལྟ་ཁ་ཁར་འགྲོ་བ་འདི། །

ནག་མོ་ཁོལ་དང་ཁོ་བོ་བར་གྱི་དགའ་མ་མ་འཕྲད་མཚུང་པར་སྣང་། །

༡༠

སྙིང་ལ་འཚུབ་པའི་མེ་ཏོག་རྒྱ་སའི་ཁོ་བོས་དམ་དུ་འཛིན་ནས་འདུག །

སེམས་སོང་སྙིང་གི་ནོ་བུ་ལགས་ནི་དུས་བར་ནས་དྲན་གཞིན་འཁོར། །

སྐྱོ་བ་ཆེ་བའི་འཇིག་པའི་ལམ་ནས་རྨི་ལམ་ནང་ན་འཆར་བ་ཡི། །

ཀྱེ་མའི་མཏན་དེ་མདུན་གྱི་རླུང་ལ་མ་འཛེམ་མྱུར་དུ་སྒྲོག་ནས་གནས། །

༈ དགེ་ཆོས་ཞིབ་འཇུག་གི་རྩོམ་གསར་སྐོར་ཞིག་བཀླགས་རྗེས་ཁ་མཚར་དུ་བརྡོལ་བའོ།།

ཀ་ཕྲེང་བསྒྲིགས་པས་དོན་ལ་མི་གནོད་ཁར།།
ལྷག་པར་གསལ་པོར་སྟོན་ཞིང་ཟླ་མེད་དུ།།
འབྱོར་ངེས་དགོད་བྲོ་ཅི་བས་དཔྱིས་ཕྱིན་པ།།
མཚོན་ནུས་ཁོ་ན་ངག་གི་རྩེད་འཇོ་སྟེ།།
གཞན་དུ་ལྐུགས་པ་ངུར་དང་ཁྱད་པར་མེད།།
ཚིག་མགོར་ཀ་འཇོག་ཁ་འཐེན་སླ་ཤོས་སོ།།
དེས་ན་གཤམ་འཁོད་ཚིག་གི་བུ་རམ་ལས།།
ཞུ་བའི་མངར་ཁུ་མྱང་ཞིང་གཞིབ་པ་ལ།།
རོ་འཛིན་སོ་བར་རྐན་འོག་ཉུག་ཤེས་མཛོད།།

བཀོད་པ་མེད་པའི་སྐབས་ལ་ཐུག་དུས་ན།།
མཁས་པ་ཡིན་ཀྱང་རང་ཚུགས་ག་ལ་ཡོད།།
“སྒོར་མོ་དཀོན་མཆོག་རེད”ཅེས་ཐག་གཅོད་མཁན།།
ངོ་མས་བཤད་ན་ཨ་ཁུ་དགེ་ཆོས་རེད།།
ཀ་སྡེའི་གླུ་དབྱངས་རིམ་པ་དང་པོ་བྱོས།།

ཅིག་མ་ཅིག་ལ་དགའ་ནས་འདོད་བསྟན་བྲིས།།
ཆང་མ་ཆོད་པར་ཆང་གིས་ཚེ་མཇུག་བསྡུས།།
མཇིང་བ་སྲ་མོ་ཅན་ནི་སུ་ཡང་མིན།།
ཉོན་མོངས་དབང་ཤོར་ཚང་མ་ལན་ཆགས་རེད།།
ཅ་སྡེའི་མེ་ཏོག་མཆོད་ཁ་གཉིས་པ་བྱོས།།

གཏོར་མ་བཞིན་དུ་ཁེར་རྐྱང་གྲོགས་ཀྱང་ཉུང་།།
འཐབ་མོ་བྱེད་སའི་བཟའ་ཟླ་གང་ན་ཡོད།།
སྡོམ་པ་ཤོར་བའི་ཕྱོགས་ནས་གཅིག་པ་རེད།།
གནད་དོན་གཙོ་བོ་རྩ་དོན་སུར་ཡང་དཀོན།།
ཏ་སྡེའི་རིན་ཆེན་པྲོག་ཞུ་གསུམ་པ་བྱོས།།

དཔལ་ལྡན་ཀླུ་ཡི་དགོངས་པ་རང་སར་གཅུས།།
འཕགས་མ་སྒྲོལ་མ་གདོས་བཅས་ལུགས་སུ་བྲིས།།
བློ་ཡང་གཟུ་དང་མི་གཟུ་དེ་ཡིས་ཤེས།།
མ་གཞི་ང་ཚོ་ཚང་མར་ཕྱོགས་རིས་གདའ།།
པ་སྡེའི་ཚོན་ཆུའི་བུམ་པ་བཞི་བ་བྱོས།།

རྩོད་པར་འཇིགས་ནས་བྲོས་པ་བདེན་སྲིད་ན།།
ཚང་མའི་སེམས་ཀྱི་གོ་གནས་དེ་ཙམ་མོ།།
རྫུན་མའི་ཤོག་དངུལ་བཟོས་པ་ཡིན་སྲིད་ན།།
ཝ་འདྲའི་སྒྱུ་ཐབས་ཅན་ལའང་ཅིས་མི་འགྱུར།།
ཙ་སྡེའི་ལག་ཁྲིད་སྤྲིན་རིས་ལྔ་བ་བྱོས།།

གཞོངས་སྒང་མང་བསྐོར་རྐང་པར་ཆུ་རིལ་ཐོན།།
བཟོད་མེད་མྱ་ངམ་ཐང་བརྒྱུད་སྒྱིད་རྐྱ་འཐོར།།
འུ་ཐུག་ཐབས་ཟད་འགྱིག་གཟུགས་མཛེས་མར་བསྒོམས།།
ཡང་ཡང་སོམས་དང་འུ་ཚོའི་འདྲ་ས་མཐོང་།།
ཞ་སྡེའི་གྱང་ལྡེབས་གདུབ་ཀོར་དྲུག་པ་བྱོས།།

རིག་པ་རྣོ་ཞིང་རྩོམ་པ་ཤིན་ཏུ་དྭངས།།
ལུགས་བརྒྱའི་ནང་གསེས་ཡང་གསེས་གསལ་ཙམ་རྟོགས།།
བཤད་པའི་ངག་སྒོ་ཡངས་མིན་མི་ཤེས་ཀྱང་།།
སད་སྔ་ངུ་སྔ་གང་ལྟར་ཙ་ཡ་རེད།།
ར་སྡེའི་ཟ་འོག་ལྷམ་མགོ་བདུན་པ་བྱོས།།

ཧ་ཅང་དགའ་སའི་མཁས་པ་ཡིན་ན་ཡང་།།
ཨ་ཁ་དཔྱད་རྒྱུ་མང་ཙང་སྐྱོན་ཡང་རྙེད།།
ཧ་ལམ་མི་ཚོའི་ལས་ལམ་འདི་ལྟར་ཏེ།།
ཨ་གསར་ཟད་སླའི་བྱ་འདིར་ཡིད་ཀྱང་ཆད།།
ཧ་སྡེའི་རྩལ་རྫོགས་རྗེས་ཁྲིད་བརྒྱད་པ་བྱོས།།

༢༠༢༡ ༩ ༢༣ སེང་རྡོར་གྱིས། https://t.cn/EXac8km


发布     👍 0 举报 写留言 🖊   
✋热门推荐
  • 福派 拜尔 力博得 usmile 飞利浦 飞科 奥克斯 千山 罗曼 舒克舒客的 softie 铂瑞 素士 电动牙刷28~~~~~从没有人对我真正好过,我只能在寂
  • 省外来徐返徐人员要及时通过徐州健康宝、12345政务热线电话进行报备,或直接向所在社区(村)、单位(宾馆)报告行程史,配合做好“落地检”及相应的健康管理措施,不
  • 【废墟泥沼中,BALENCIAGA 2023 夏季大秀落幕】近日举办的巴黎时装周上,Demna 继续选用自己擅长之巅覆传统时装理念,创造了一个独特写意的秀场——
  • #天津工业大学[超话]#【天工大#美食# 打卡】东二2楼:麻辣拌窗口:左手起第一家今天午饭出来吃的有点晚,之前有友友推荐了东二2楼的麻辣拌,去吃的时候发现菜不太
  • 保罗,1989年12月出生,司职中后卫,2013年至今辗转于日本职业联赛,是一名经验丰富的外籍球员,相信他的到来也一定可以大大提升球队的后方实力。陈雷,1985
  • 剧本集里设定初登场福临不足15岁,但后面写静妃15那他是哥哥实际也15了吧?前半月的迷茫焦虑和后半月的温暖与感动是我青春的22岁 逆风翻盘的一个月感恩家人的鼎力
  • 这些我们都做过了 你为什么还觉得我们不够亲密 你为什么还是要丢下我啊 你到底想要什么啊 我还是不能跟这件事和解 但我也不想在纠结了 没意义 你会不会有某些时候会
  • 以与长春汽开区、经开区、净月高新区三大开发区合作为突破口,以长吉接合片区建设为抓手,统筹推进“八同工程”协作共建“长吉大都市区”。 一、我市贯彻落实省“一主六
  • 换新头像新网名新背景图咯,打算好好使用这个小号,不当无情的转发机器了,本来想注销掉这个号,只用大号的,但是在这个号留下了很多难忘的回忆,而且万还没解散呢,还有,
  • ​选了几个段落—— ​坐在暖暖的暮春之夜,静静地翻看朋友圈,一个朋友圈的图片映入眼帘,图片不多,仅有四张,大概是回娘家,亲娘给准备了许许多多好吃的,拿回城里的小
  • 像个笨蛋我就是只是很好奇高铁上竟然还卖化妆品就盯着小车车多看了两眼发呆 就开始给我推销惹但是雪花膏这一套看起来真滴漂亮 感觉永远可以为中国风中国元素买单~说是海
  • [允悲][允悲][允悲]#t.f整体疗法分享# ​“头顶绿”在国人传统思想里面代表背叛的意思,人头顶上放绿色瑜伽砖,心就会自动纠结;此时呼吸模式紊乱,内核心垮塌
  • #仙剑四# 鞠婧祎辛辛苦苦拍戏,因为男主ng了好多次,这场戏拍了三天,她嗓子都喊哑了,后面因为气没有上来甚至半晕了过去,橘丝大半年来努力做树橘,后面你告诉我给别
  • 如果不是yxh集体联动所谓的黑料,什么作弊 没毕业,我还没意识到被搞,这一套组合拳下来感觉就是被搞无疑……恋情曝光+造谣作弊+因戏生情+画了个有痣的马尾女孩疑似
  • no 人可以多面,每个人的生活方式都不一样,so,不要在乎别人的生活,看法,你只要做你自己,一个独一无二的自己,而改变,也随你自己,想改就改,不想改那又怎样,也
  • 7、너의 웃을 넘었풍상는 내 가 만난 가장 아름 다운 태양이다.你的笑抵过了风霜是我见过最美的太阳。12、아무리 많은 가운데 부분을 만나 자신에게 좋
  • 心在哪里 人就会在哪里 也挺奇妙的成了宿舍最早回家的人 但也挺难过的那么近这学期都没回过家 谢谢大家的关心帮我搬行李送我一程真的会感动 那就提前预祝大家假期愉快
  • 【每次在车窗里看夕阳都有一种落寞的感觉】怎么怎么就甘于此呢怎么怎么就忘了初心呢好像很长一段时间都找不到自己真正喜欢做的事情 好像不论做什么事情都要给自己做很长时
  • 我们的目标是让用户忘记有静态的物理硬件,认为整个事情是流动的,像灵动的软件。这项新功能也改变了iPhone的外观,它让我再次思考如何运行多个应用程序、通知,以及
  • 广汽埃安新一轮引战增资正式预挂牌,将开启A轮引战松果财经获悉,据“广汽埃安”微信公众号消息,7月18日,广汽埃安新能源汽车有限公司新一轮引战增资项目正式在广东联