ཧ་ཅང་རྣ་བ་རིང་ན་སྡུག་བསྔལ་འབྱུང་། །
སྐབས་རེར་འོན་རྫུ་བྱས་ན་ཅིས་མི་བཟང་། །
ཧ་ཅང་ལྟ་རྒྱུ་མང་ན་སྣ་ཚོགས་མཐོང་། །
སྐབས་འགར་ལོང་རྫུ་བྱེད་ན་རང་གཞན་བདེ། །


༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནས།

སྙིང་གཏམ་བཅུ་གཉིས་བཞུགས།
མཛད་པ་པོ། ༸གྲུབ་ཆེན་ཀརྨ་ནོར་བུ་བཟང་པོ།
ན་མོ་གུ་རུ་ཝེ།
གང་གི་མཚན་ཙམ་ཐོས་པས་ཀྱང་།།
བྱིན་རླབས་ནུས་པ་བསམ་ཡས་ཀྱིས།།
གདུལ་བྱའི་རེ་བ་བསྐང་མཛད་པ།།
རྡོ་རྗེ་འཆང་ཆེན་ཞབས་ལ་འདུད།།

སྙིང་གཏམ་ཚིག་གསུམ་འདི་སྐད་དེ།།
མི་ལུས་ལན་གཅིག་ཐོབ་པ་འདི།།
དོན་མེད་སྟོང་ཟད་བྱེད་པ་མང་།།
ཡང་ཡང་དལ་འབྱོར་མི་ཐོབ་པས།།
དགེ་བར་འབད་པ་སྙིང་གཏམ་ཡིན།།

མི་ཚེ་ཉི་མ་རྨི་ལམ་བཞིན།།
གཅིག་ཤི་གཉིས་ཤི་རེས་མོས་དེ།།
རང་ལ་མྱུར་དུ་འབབ་ངེས་པས།།
འགྱོད་མེད་གྲབས་ཚུད་སྙིང་གཏམ་ཡིན།།

དགེ་སྡིག་རྒྱུ་འབྲས་མི་བསླུ་བས།།
སྐྱིད་དུ་རེ་ནས་སྡིག་བྱེད་དེ།།
ལྟོ་གོས་ནོར་རྫས་སྒྲུབ་ན་ཡང་།།
ཕན་མེད་གནོད་དེ་སྙིང་གཏམ་ཡིན།།

ཕ་མ་བུ་ཚ་ཉེར་འཁོར་ལ།།
ཤ་ཚའི་སེམས་ཀྱི་འཇིག་རྟེན་འདིར།།
བྱ་བ་རང་དོན་རླག་པར་མང་།།
གཏན་འདུན་བསྒྲུབ་པ་སྙིང་གཏམ་ཡིན།།

འཇིག་རྟེན་ཕེར་ཕེར་ཡོང་ཡོང་གི།
བྱ་བ་མང་ན་ཕུང་བའི་རྒྱུ།།
ཀུན་མཐུན་ཉམས་ཆུང་སྤྱོད་པ་དང་།།
དམན་ས་བཟུང་བ་སྙིང་གཏམ་ཡིན།།

རང་སེམས་དྲང་པོའི་གཞུང་བསྲང་ན།།
སུ་མ་མགུ་ཡང་འགྱོད་པ་མེད།།
གཡོ་ཁྲམ་ཟོལ་རྫུན་མི་བྱེད་པར།།
བློ་ཐུབ་བྱེད་པ་སྙིང་གཏམ་ཡིན།།
བླ་མ་དཀོན་ཅོག་མ་གཏོགས་པ།།
གཏན་གྱི་སྐྱབས་གནས་ཐུབ་པ་མེད།།
སྐྱིད་སྡུག་གང་བྱུང་བླ་མ་ལ།།
གསོལ་བ་འདེབས་པ་སྙིང་གཏམ་ཡིན།།

བློ་རྒྱུད་ལས་སུ་མ་རུང་ན།།
བཙུན་གཟུགས་བྱས་ཀྱང་ཆོས་པ་མིན།།
དཀོར་གྱི་ཁུར་རྩ་ཐར་ལམ་མེད།།
རང་རྒྱུད་འདུལ་བ་སྙིང་གཏམ་ཡིན།།

ཉམས་ལེན་གང་ཡང་མི་ནུས་ན།།
ཤེས་ཤེས་མང་པོས་ཕན་པ་མེད།།
ནུས་ན་ཡིག་དྲུག་གཅིག་པུས་ཀྱང་།།
སངས་རྒྱས་འགྲུབ་བོ་སྙིང་གཏམ་ཡིན།།

དག་སྣང་ཕྱོགས་མེད་མ་བྱས་ན།།
ཆགས་སྡང་ཀུན་སློང་སྒྲིབ་པ་ཆེ།།
ཆོས་དང་གང་ཟག་ཐམས་ཅད་ལ།།
སྐུར་བ་མི་འདེབས་སྙིང་གཏམ་ཡིན།།

སངས་རྒྱས་ཐམས་ཅད་བླ་མར་འདུས།།
རྩ་བའི་བླ་མ་རྡོ་རྗེ་འཆང་།།
དངོས་བསམ་གསོལ་བ་བཏབ་གྱུར་ན།།
ཆོས་སྙིང་པོ་ཡིན་ནོ་སྙིང་གཏམ་ཡིན།།

མདོར་ན་འདི་ཕྱི་བར་དོ་གསུམ།།
བླ་མ་དྲན་ཞིང་དགེ་ལ་འབད།།
གཏན་གྱི་འདུན་མ་དེ་ཡིས་འགྲུབ།།
ཐུགས་ལ་ཞོགས་མཛོད་སྙིང་གཏམ་ཡིན།།

སྙིང་གཏམ་བཅུ་གཉིས་ཚིགས་བཅད་འདི།།
མ་བརྗེད་སྙིང་གི་དཀྱིལ་དུ་བསྟིམ།།
འདི་ཡི་དགེ་བས་འགྲོ་ཀུན་ཀྱང་།།
དམ་པའི་ཆོས་ལ་འགོད་པར་ཤོག།
ཅེས་སློབ་བུ་རྣམས་ལ་༸ཀརྨ་ནོར་བུ་བཟང་པོས་གདམས་པའོ།།

༧དགོན་སྡེ་ཆེན་པོ་སུམ་བཅུ་ཡས་མས་ལས་གྲུབ་པའི་མདོ་ཁམས་འཇང་དགུན་ཆོས་ཐེངས་ཉེར་གཉིས་པ་རྫ་དབོན་པོ་དགོན་དུ་འཚོགས་ཤིང་དེའི་སྟེང་དུ་གདན་ས་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་གྱི་རྒྱུགས་སྤྲོད་མཁན་བརྒྱ་དང་དགུ་བཅུ་ལྷག་མཉམ་ཞུགས་གནང་ནས་ཨང་དང་བོའི་དང་བོ་ཐོབ་མཁན་བཞི་དང་།གནས་རིམ་དང་བོའི་བྱ་དགའ་ཐོབ་མཁན་ཉེར་གཅིག་བཅས་ཁྱོན་བསྡོམས་བྱ་དགའ་བཞེས་མཁན་ཉེ་ལྔ་ཙམ་འདུག་པས་སྔར་ལས་ལྷག་པའི་གྲུབ་འབྲས་འབུར་དུ་ཐོན། འདི་ཡང་༧རྩ་བའི་བླ་མའི་འུ་ཅག་ལ་གནང་བའི་རྒྱུགས་སྤྲོད་ལམ་ལུགས་དང་ཆོས་ཚོགས་འདི་ཡི་བཀའ་དྲིན་དང་གྲུབ་འབྲས་ཡིན་པས་དེ་དག་ཡུན་རིང་དུ་གནས་པའི་སྐྱབས་འཇུག་སྨོན་འདུན་ཞུ། [合十]


发布     👍 0 举报 写留言 🖊   
✋热门推荐
  • 并且我打电话给袁,袁直言讲出“对我的工资不满意你可以去劳动仲裁”那就是有人儿呗,我仲裁有啥用呢,在那里有个说的是是小飞人篮球教练到了结果却是美术助教的一个男孩子
  • 6、房子缺西北角:家中男性长辈易有问题 房屋西北边缺角,家中成员容易有头部的毛病,同时对家中最年长的男性长辈,如父亲、祖父的影响更大。 7、房子缺东北角
  • #情感[超话]#缘分注定的人,迟早还是会相逢不要害怕自己在爱情里的失去,不要害怕自己在爱情里的付出,别人欠下你的,总会有另外一个人来还给你。如果你和曾经相爱的人
  • 后来平台客服还跟我说,对方解决事情是有诚意的,我说这个诚意是因为改变不了的事实(眼镜的瞳距几年也不会改变)一句道歉的话也没有,自始至终反反复复强调国家标准是3~
  • 倘若后两者夺冠,“宋圣”Rookie和“亚圣”Doinb将凭借2个S赛冠军锁定LPL历史第一中单,两位选手在初次夺冠时皆处于黄金年龄,都是各自战队的绝对核心之一
  • 人生本就是一场修行,有缘分走一程不容易,也许这一程很短很痛,经历以后依然念念不忘,只能说,很高兴你能来,早上好!人生路上,我们漫步在人群中,寻找内心深处的一份慰
  • 九号的滑板车、平衡车、卡丁车、智能电动车总有一款是你的爱![嘻嘻]越南的别墅有一个共同特点,就是将自然带进家里,花园、庭院、空隙和生活空间相互交织,兼具光线和通
  • 但我们是谁,我们是爆米龙哎,三年前的今天就注定了我们不可能把这一天当作平常的一天。但其实,无论伟大还是平凡,每一天都因为它的独特性,被标注在了时光的日历上,它注
  • 其实我很喜欢很感谢我现在的同学难道是大家上了大学价值观都突然上升了一个层次吗以前遇到的垃圾人真的太多了,从前给我造成的自卑,外貌焦虑真的很严重得到了肯定的我自己
  • #博君一肖[超话]#幸福的一天从梦到亲眼看到博君一肖是真的还被邀请到家里吃饭开始[泪][泪][泪],一起吃了大团圆饭哎,去之前还捎了豆角和南瓜准备做菜,去了发现
  • 同时它还可以让鞋面更加挺拔支撑,例如配图中的跑鞋静物图,就是在没有鞋撑的情况下拍摄的。而中底VECTIV™ 3D承托板的强大缓冲性能,即便是对于轻装徒步的户外爱
  • 道家性命双修之学:逆炼成仙,混合神炁! #道教[超话]# 内丹学一般以炁为命,以神为性,故性命指神炁。性命之学,儒道诸家皆有之,但解释不同。《易·乾·家》:
  • 这步棋一直以来被认为是绝对的妙手、是人类智慧的闪现,似乎在这个局面下任何走法在“耳赤之手”面前都黯淡无光了。当然,这样的判断的前提是,不看AI给出的胜率……更为
  • !!
  • #命运因缘# 先简单看一下,明天细讲你命格是庚金坐申禄,生在未土财库之月,月透癸水伤生乙木正财,正财通年支亥水生的财,伤官生正财的命格,能进公司里去上班就好了你
  • 据介绍,下一步,文化和旅游部办公厅将会同产业发展司、资源开发司指导社会组织贯彻落实《关于推动文化产业赋能乡村振兴的意见》提出参与乡村文化振兴的具体项目,并协助社
  • 只为善良的他(古仔)近期古仔到大陆北京参加国际电影节,真的,变了好多,不喜欢社交的他四处奔走,不爱直播的他努力尝试和大家聊天,只为更好一点收视率和票房,真的心疼
  • #大薇薇卖九吉公红糖[超话]#当你遇到了九吉公老红糖☕️你会明白:1⃣ 原来痛经,可以不用吃药2⃣ 月经不调,可以不用吃药3⃣ 贫血,可以不用吃药4⃣ 闭经,可
  • 一歌毁所有……【大气自得,ZEEKR 009开创豪华MPV设计新纪元】继此前发布了ZEEKR 009的命名以及前脸设计预告图之后,极氪在今天公布了ZEEKR 0
  • #光遇陪玩[超话]# 黑域♡ ~接过春日的暗恋 现在是夏天热恋的主场~ ‧♡ ᜊ૮꒰˶ฅ́˘ฅ̀˶꒱აᜊ ————❥.°ʚ ɞ°. ❥———— ˗ˋˏ