༄༅།། ཐོན་མིའི་ཕྱག་སོར་རྩལ་གྱིས་ལེགས་བསྐྲུན་པའི།།

གངས་ཅན་རིག་པའི་མཛོད་ཀྱི་རིན་བྲལ་ནོར།།

རྣམ་འགྱུར་སྟོང་ལྡན་བོད་ཡིག་ཡིག་གཟིགས་འདི།།

མི་ཉམས་གོང་ནས་གོང་དུ་འཕེལ་གྱུར་ཅིག།

༢༠༢༢. ༦.༢༩

གསོལ་འདེབས་སྨོན་ཚིག་བདེན་པའི་སྒྲ་དབྱངས།

མཛད་པ་པོ།   འཕགས་མཆོག་ཕྱག་ན་པདྨོ།

༄༅། །མཁྱེན་བརྩེའི་ཡོན་ཏན་མཐར་ཐུག་ཀུན་རྫོགས་ཤིང་། །

པད་དཀར་ལྟར་བསྔགས་ཡིད་ཅན་ཀུན་གྱི་མགོན། །

རྟེན་འབྱུང་གཏམ་གྱིས་སྡུག་ཀུན་གཞིལ་མཛད་པའི། །

རྣམ་འདྲེན་ཤཱཀྱ་སེང་གེ་སྤྱི་བོས་མཆོད། །

ཁྱོད་བསྟན་བྱང་ནས་བྱང་དུ་དར་འགྱུར་ཞེས། །

ཇི་ལྟར་དཔལ་གྱི་མགུར་ནས་དབུགས་དབྱུང་ལྟར། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡོངས་ཁྱབ་སྟེ། །

འཛམ་གླིང་རྒྱན་དུ་གྱུར་པ་སྐལ་བ་བཟང་། །

དེ་ལྟ་ན་ཡང་དཀར་མིན་ལས་དབང་གིས། །

དེང་འདིར་རྒྱལ་བསྟན་ཉམས་ཤིང་སྣོད་བཅུད་ཀུན། །

སྡུག་ཟད་འཇིག་ཉེའི་ཉམ་ངའི་ངང་ཚུལ་འདི། །

བརྩེ་ཆེན་ཐུགས་རྗེས་སྐྱོབ་བའི་དུས་ལ་བབས། །

དེ་སླད་བདག་ཅག་གངས་ལྗོངས་ལྷ་མི་ཀུན། །

ལྷག་བསམ་དད་གདུང་དྲག་པོས་ཉེར་བཟླུམས་ཏེ། །

བདེ་གཤེགས་མཚན་བཟང་གཙུག་ཏོར་གསེར་སྦྱངས་ཏོག །

དྲང་སྲོང་སྣོད་མཆོག་ངུར་སྨྲིག་གོས་བཟང་སྡེར། །

ཕུལ་བའི་ཚོགས་གཉིས་རྒྱ་ཆེན་གང་མཆིས་དང་། །

གཞན་ཡང་དུས་གསུམ་དང་འབྲེལ་དགེ་ཚོགས་ཀུན། །

ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །

རྒྱལ་བསྟན་མི་ནུབ་ཡུན་དུ་གནས་ཕྱིར་བསྔོ། །

མཁའ་ཁྱབ་ལུས་ཅན་སྤྱི་དང་ཁྱད་པར་དུ། །

འཛམ་བུའི་སྒྲས་བསྟན་གླིང་འདིའི་སྐྱེ་འགྲོ་ཀུན། །

བྱམས་དང་སྙིང་རྗེའི་བསམ་སྦྱོར་གོང་འཕེལ་ནས། །

འཁྲུགས་རྩོད་གནོད་འཚེ་ནམ་ཡང་མི་འབྱུང་ཤོག །

དབུལ་ཕོངས་ཉམ་ཐག་བཙན་གནོད་མནར་གཅོད་དང་། །

སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས། །

ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས། །

ཐམས་ཅད་དགའ་བདེའི་དཔལ་ལ་རྟག་རོལ་ཤོག །

རིས་སུ་མ་ཆད་ཕྱི་ནང་ཆོས་ཚུལ་ལ། །

ཞུགས་ཀུན་ཕན་ཚུན་གཉེན་གཤིན་འདུ་ཤེས་ཀྱིས། །

དག་སྣང་ནོར་བུའི་འོད་དང་མི་འབྲལ་བར། །

གཅིག་ཏུ་འགྲོ་ཕན་བྱ་བ་ལྷུར་ལེན་ཤོག །

ལྷག་པར་བསིལ་ལྡན་ལྗོངས་སུ་རྒྱལ་བའི་བསྟན། །

ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞིང་། །

ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས། །

བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག །

གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །

འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན། །

ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །

སྐྱེ་ཀུན་ཕྱག་ན་པད་མོས་རྗེས་གཟུང་ཤོག །

ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །

ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །

ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །

ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །

ཅེས་པ་འདི་བཞིན་ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་༢༡༣༡ ཤིང་སྤྲེལ་ཟླ་བ་ ༡༢ ཚེས་ ༡༥ ཕྱི་ལོ་༢༠༠༤ ཟླ་ ༡ ཚེས་ ༢ ཉིན་སྤྱི་སྒོས་བསྟན་འགྲོའི་ཆེད་དུ་དམིགས་ཏེ་གནས་ཆེན་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །

༄༅། །གསོལ་འདེབས་འདོད་འབྱུང་ཡིད་བཞིན་ནོར་བུ།
祈祷意愿成就如意宝

ཆོས་ཟད་ཀློང་དུ་གདོད་མའི་བཙན་ས་ཟིན།།
法尽界中执守本来地,
རང་སྣང་ཞིང་དུ་རྒྱལ་བའི་དཀྱིལ་འཁོར་རྫོགས།།
自现刹土圆满佛坛城,
ཐུགས་རྗེ་ཕྲིན་ལས་གདུལ་བྱའི་དཔལ་དུ་རྒྱས།།
大悲事业广度众有情,
གྲུབ་དབང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ལ།།
成就自在龙朵加参尊,
གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ།།
祈请成熟解脱吾自续,
ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།།
加持与师密意融无别。

ཨོཾ་གུ་རུ་མཉྫུ་གྷོ་ཥ་ཏཱིརྠ་བོདྡྷ་ན་དྷྭ་ཛ་སརྦ་སིདྡྷི་ཨཱཿཧཱུྃ།
嗡格热曼孜果卡德塔博达纳多扎萨瓦色德阿吽


发布     👍 0 举报 写留言 🖊   
✋热门推荐
  • 好像还有漂亮袋子,嘿嘿嘿中午的牛肉饭里居然有,啊~我最讨厌吃了,但是今天中午我尝了一下,居然还可以,看来是之前的打开方式不对,让我留下了阴影(依稀记得幼儿园的时
  • 希望你在你热爱的城市过上你想要的生活就算偶尔难过却从不放弃知道自己想要什么并且踏踏实实去努力他人只看你最终的成绩,但过程的艰辛与苦楚只有自己。没关系,觉得累了,
  • 【五大曝光】高速大队巡查途中查获起车辆违法停车10月17日,黄南州公安局交警支队高速大队对辖区张汶高速黄南段开展日常路面巡查工作中发现一辆车号青A*3028号轻
  • 青浦区新闻办说,外青松路、华乐路、盈港东路都是观赏银杏落叶的好去处,和煦阳光下,抬头便是满目的金黄,脚下是满地的黄金落叶,踩上去沙沙作响……除了这些银杏景观道路
  • 唐周:颜淡,你也是没有回忆的人,若你不在乎过去,我也不在乎……颜淡:你是凌霄派未来的掌门,而我不过是一个顽劣的莲花精。就讓我的心代我去一趟藏邊吧,要問我的志向在
  • 谢谢六年多来歌声的陪伴,虽然我一直专注当霉黑[污]但不管长发短发,乡村流行,一直都是真诚善良,可以笑成傻白甜也可以抽成霉超疯的最好的songwriter[爱你]
  • 【#快手2020年全年净亏损1166亿元#】#快手#2020全年营收587.8亿元人民币,市场预估585.8亿元人民币,调整后净亏损79.5亿元人民币。快手在港
  • 四、资格条件(一)全县各类学校校长、副校长的聘任要符合以下条件。 三、聘任方式 1.校(园)长竞聘共分七个类别,分类别按具体职数(即:完全中学1所1名、职业中
  • 当被四周的压力搞得焦头烂额时,偶然的机会,我们也有可能遇到了一兩位贵人,发现自己就像某一部电影视剧中,總是活在别人为你设定好的剧本里。人生就是一場独一无二的剧本
  • 在满觉陇下到儿童公园的路上,有一段相对原始的土路,闹闹问我:妈妈,这里是深山老林吗?有趣的是,我们见到了一处简易的引水装置,还碰巧遇到了来接水的山民,有一个小伙
  • 我当时真的很绝望……昨天是我们两个完整呆过的第一天,隔离之前我出去买了好多菜,我想这几天我要好好生活,一起做饭。每个人都说,多好啊,真羡慕你,但是,真的到了我这
  • 这款张天爱同款的英伦风小皮鞋,高大上的珍珠电镀金跟1:1定做,三种大小的珍珠,与原版一致精致,上脚显瘦又舒服。跟高:4.5CM,码数:34-40【高端1:1顶级
  • [笑而不语]关注本度,@ 泥萌的好胖友一起来扩散这个福利,小度再送一份零食礼包,5月31日公布![礼物]第19期的【小度抱枕】送给第4名的小姐姐,【小度书签】送
  • #Alaso正能量[超话]##许凯爱的二八定律# ❤️❤️❤️许凯_咨询新剧待播出与科班出身的杨幂不同,出生于1995年的许凯,原本是中国内地著名的模特儿,他还
  • 巨蟹座能够拿出十足的耐心对待爱情,也希望对方有点耐性,千万不要爱了两天就说分手,巨蟹座不喜欢短暂的爱情,他们喜欢牵手就浪漫一生的爱情,如果对方做不到,巨蟹座只有
  • 2022.10.17今天一日三餐早上起床熬了一大锅绿豆糖水一直喝到了中午做了上门的核酸开始接到公司任务开始干活午饭是泡菜煎饺加糖水一个午觉醒来又收到了一盒水果这
  • 新郎对新娘说:我有平安的保险,嫁给我你可把心安,再大风雨不做难。新郎对新娘说:我有平安的保险,嫁给我你可把心安,再大风雨不做难。
  • 话又说回来,大城市的房价,不可能降到人人都能买得起的价位,500万到1000万的房子极为普遍,一般人买房压力不会减轻。时间就是金钱,若房价几年不涨,刚需的问题不
  • 因为这两味药干起活来非常的细致,能把脉络里面一些很小的瘀滞给化掉,化掉以后,它就不容易攻到心脏,瘀血攻到心脏是很危险的,有了麝香和红花就不用怕了。可以请大七厘散
  • ”觉得说的真好,青春就是孤注一掷的任性,我愿用我十年青春守候你们,你们若不离,我们一起去向更远的未来!比如你可以在我家买一款代表爱情和幸运的“四叶草手链”戴上就