༢༥༤ ཕྱོགས་ཀྱི་རི་ཚོགས་སྨུག་པའི་ལ་ཐོད་དེ། །
མཛེས་པར་དཀྲི་བའི་དུས་ལ་མིག་གི་རིས། །
གཡང་གཟར་ངོགས་ལ་གྱེན་དུ་དཔྱངས་པ་ཡི། །
སྐས་ཀྱི་ཐེམ་པར་འཛུམ་བཞིན་རྒྱུ་བར་ཕྱོགས། །

༢༥༥ དུ་མའི་ཐེམ་པ་བརྒལ་བའི་ཡང་སྟེང་ན། །
མཁའ་སྤྱོད་ཞིང་ནས་ཕེབས་པའི་མཁའ་འགྲོ་དག །
རྡོ་རྗེ་གར་གྱི་སྟངས་སྟབས་ངོམས་པ་ཡི། །
ཞབས་སྐྱེས་རི་མོ་བསྟར་བ་ཉེ་བར་མཇལ། །

༢༥༦ དེ་དང་ཆེན་པོའི་བར་ཐག་མི་ཆོད་པར། །
བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དང་། །
འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གཉིས། །
བྲག་སྐྱིབས་ངོས་སུ་རང་བྱོན་གསལ་ལྷང་ངེ་། །

༢༥༧ སླར་ཡང་ཐེམ་པ་བཅད་པར་གཡས་དང་མདུན། །
ལྟ་བྱེད་འཕོས་པའི་ངང་ཚུལ་མ་བརྟུལ་ན། །
རྒྱལ་མཚན་རང་བྱོན་ཐུབ་དབང་ཤཱཀྱའི་རྒྱལ། །
གང་གི་དབུ་་རང་བྱོན་དེ་ཡང་གསལ་བར་མཇལ། །

༢༥༨ དེ་ནས་མཐོང་བྱེད་ཟུམ་པའི་ཆོ་ག་བརྟུལ། །
ཕར་ལ་ཕྱོགས་ན་བཻ་རོའི་སྒྲུབ་ཕུག་དང་། །
བཀའ་གདམས་མཆོད་རྟེན་རང་བྱོན་ལྟ་ན་སྡུག །
དད་འདུད་སྙེ་མ་བདའ་བའི་གཉེན་དུ་འཛུམ། །

༢༥༩ ཡང་སྟེང་བྲག་རིའི་རྩེ་ལ་འབྱོར་བ་ན། །
བག་ཡངས་རྒྱུ་བའི་རི་སྐྱེས་བུ་མོ་དང་། །
རྨ་བྱའི་མཛེས་པ་འཕྲོག་པའི་འདབ་ལྡན་དག །
ཕྱོགས་ཀྱི་མགྲོན་པོའི་ཡིད་སེམས་རྐུ་བར་འཇུག །

༢༦༠ ལག་འཁོར་ཕྲེང་ལ་བསྟར་བའི་སྐོར་ལམ་དེ། །
རྡོག་ཁྲེས་རྒྱབ་ལ་འཁུར་བཞིན་བཅད་པ་ན། །
ཆོས་སྡེའི་འདབས་སུ་བསྐོར་བའི་ནགས་ཚལ་ནས། །
འདབ་ཆགས་གྲེ་བ་འགུལ་བཞིན་བདེ་མོ་འཇོག །

༢༦༡ དེ་ནས་རེ་བའི་འདུན་མ་ནུབ་ཀྱི་ཕྱོགས། །
ཕྱོགས་བཞིན་རྒྱུ་བའི་ལམ་དག་བཅད་པ་ན། །
མཁོ་མཐིང་གསེར་གྱི་ལྷ་ཁང་འགྲམ་དུ་ལྷགས། །
སོར་བཅུ་ཟིམ་པའི་བརྟུལ་ཞུགས་བདག་གིར་བྱས། །

༢༦༢ མེས་པོ་མིག་མི་འཛུམ་པའི་སྤྲུལ་བའི་གར། །
ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཀྱིས་ནི། །
མཐའ་འདུལ་དཔལ་དུ་སྲིན་མོའི་གྲུ་མོ་གཡོན། །
བཞེངས་བའི་གྲགས་པ་སྨྲ་བའི་འདབ་མར་ཐོགས། །

༢༦༣ ལྷ་གཅིག་ཀོང་ཇོས་ལེགས་བྱས་འོ་མའི་མཚོ། །
བསྲུབས་སླད་གཙུག་ལག་ནང་གི་ས་ཡི་གཞིར། །
གཡུ་ཡི་ཞུན་མ་གཅལ་དུ་བཀྲམ་པ་ཡི། །
དུམ་བུ་འགའ་ཡང་མིག་གི་ལམ་དུ་ལྷུང་། །

༢༦༤ བྱིན་རྟེན་ཕྲེང་ལ་བསྟར་ཞིང་གཏེར་ཁང་དང་། །
སྔོན་བྱོན་བཟོ་བོའི་པུར་ལས་འཁྲུངས་པའི་རིས། །
མ་ལུས་ཟུར་གནས་ཡིད་ཀྱི་བརྟན་པ་གང་། །
འགོག་པའི་ཆོ་གར་བྲེལ་བ་ཨེ་མ་མཚར། །

༢༦༥ དེ་ནས་རེ་བའི་འདུན་མ་སྲས་མཁར་ལ། །
ཐོགས་ཀྱིན་གྱ་གྱུར་འཁྱུག་པའི་ལམ་བུ་དག །
རྐང་པའི་འདེགས་འཇོག་ཉིད་ལ་མ་བསྟེན་པར། །
མྱུར་བར་འཁོར་བའི་འཁོར་ལོ་ཉིད་ཀྱིས་བཅད། །

༢༦༦ ཆུ་གསུམ་འདུས་པའི་ལྷོ་ཡི་ལུང་བ་བརྟོལ། །
བལྟ་བས་མི་ངོམས་སྲས་མཁར་དགུ་ཐོག་ཅེས། །
ཐོས་འཛིན་ཁུང་བུ་སྔོན་ནས་བསྒུལ་བ་གང་། །
མངོན་སུམ་མིག་གི་བདུད་རྩིར་ཉེ་བར་བླངས། །

༢༦༧ ཐོག་མའི་མཇལ་ཁ་གཙུག་ལག་ཁང་ལ་ཞུས། །
སྔོན་གྱི་དུས་སུ་བྱས་པའི་གྱང་རིས་དང་། །
སངས་རྒྱས་རབ་བདུན་ལ་སོགས་སྐུ་ཡི་རྟེན། །
དུ་མའི་རྟེན་དག་དང་བའི་སོར་རྩེར་བཏེགས། །

༢༦༨ གོམས་པའི་སྟབས་ཁ་དེ་ནས་སྲས་མཁར་ཞེས། །
རིམ་པ་དགུ་ཡི་ཆོས་ཀྱིས་འཁྱུད་པ་ལ། །
ཕྱོགས་ཏེ་རྟེན་གྱི་གཙོ་བོ་མི་ལ་རྗེའི། །
གསེར་ཀྱི་སྐུ་མཆོག་གཙུག་གི་ཏོག་ཏུ་བླངས། །

༢༦༩ རིམ་པ་རེ་རེའི་ཐེམ་པར་འཛེགས་པ་ན། །
སྒྲ་སྒྱུར་རྒྱལ་པོ་མར་བ་ལོ་ཙཱ་དང་། །
བདག་མེད་མ་ཡི་སྒྲུབ་ཁང་ལ་སོགས་པར། །
བཅོས་མིན་གུས་པ་འཆའ་བཞིན་ཡང་སྟེང་ལྷགས། །

༢༧༠ རྩེ་མོར་བསྐོར་བའི་འཇིགས་བཅས་ཁྱེ་འུ་ལ། །
བདག་གིར་འཛིན་པའི་ལས་སུ་མ་ཞུགས་པར། །
དད་འདུན་མྱུ་གུ་འཁྲུངས་པའི་སྐྱེ་བོའི་གྲལ། །
སྲས་མཁར་རྩེ་ནས་བསྐོར་བ་ལན་གསུམ་ཞུས། །

༢༧༡ དེ་ནས་བཀའ་བརྒྱད་བསྟན་པའི་ཆུ་འགོ་ཞེས། །
དོན་མཐུན་སྙན་པའི་བ་དན་དགུང་ལ་རེག །
མར་པའི་ཐུགས་བསྐྱེད་ཆུ་གཏེར་བསྲུབས་པ་ལས། །
ལེགས་འཁྲུངས་གྲོ་བོ་ལུང་ལ་མཇལ་དུ་ཕྱིན། །

༢༧༢ འཁྱུག་འགྲོས་རི་མོ་འབྲི་བའི་བར་གླགས་ནས། །
ཐོབ་ཐང་བདག་གིར་བཞེས་པའི་ཚོགས་ལ་དུད། །
བཤད་སྒྲུབ་ཉི་ཟླའི་སྤྲིན་ཕུང་གཏིབས་པའི་ཕྱོགས། །
ངལ་བ་བརྟུལ་བའི་རླངས་འཁོར་ནང་ནས་བགྲོད། །

༢༧༣ ཐོག་མའི་སྒེ་ཐེམ་ཉེ་བར་བརྟོལ་བ་ན། །
ཉི་ཟླའི་རྣ་ཆ་དཔྱངས་པའི་ཀེ་ལ་ཤ །
སྟག་སེང་ཁྱུང་དང་རྒོད་པོ་མ་བུ་ཅན། །
མཐོན་པོའི་ཀ་བར་འགྱིང་བ་གསལ་ལམ་མེ། །

༢༧༤ ལྷ་ངོ་གསལ་བའི་གཉེར་བ་མ་མཆིས་ཀྱང་། །
བརྗིད་ལྡན་སྐུ་ཡི་རྟེན་དག་མཛེས་པར་བསྟར། །
དབང་མེད་དང་བ་འདྲེན་པའི་གཉེན་དག་ལ། །
མཇལ་ཁ་རྫོགས་རྗེས་ལུང་བའི་ཕུ་ལ་ཕྱོགས། །

༢༧༥ སྒྲུབ་པའི་རྒྱལ་མཚར་སྡུག་གུར་སྒྲེང་བ་ཡི། །
བྱེད་པོ་དག་གིས་གུས་པའི་བསྟི་སྟངས་ལ། །
ཡིད་ཀྱི་འདབ་མ་ཟུམ་པའི་ཆོ་ག་དག །
བསྐུལ་བ་མེད་ཀྱང་བདག་གིར་ལེན་བཞིན་སོང་། །

༢༧༦ དུ་མའི་ལོ་རྒྱུས་གཏམས་གྱིས་མཛེས་པ་དཔྱངས། །
བཀའ་བརྒྱུད་བསྟན་པའི་སྲུང་མ་དུད་སོལ་མ། །
ལུང་བའི་ཕུ་ལ་བརྟོལ་བའི་སྐྱེ་བོ་དག །
ཐོག་མའི་ལྟ་བྱེད་འཛུམ་པའི་ཡུལ་དུ་གྱུར། །

༢༧༧ རྣམ་དཀར་སྡེ་འདིའི་རྟེན་གྱི་ཕུལ་ཏུ་གྱུར། །
མར་པའི་ཟངས་ཕུག་མཇལ་བའི་སྔ་རོལ་དུ། །
ནཱ་རོ་ཇྙ་ན་སིདྡྷི་གནས་དེར་གཤེགས། །
བསྟིམ་པའི་བྲག་རིར་སྐུ་རིས་ད་དུང་གསལ། །

༢༧༨ མར་པ་ཆོས་ཀྱིས་བློ་གྲོས་དཔལ་ཉིད་ཀྱིས། །
ཚེ་དཔག་མེད་པའི་སྒྲུབ་པ་བྱས་པའི་ཕུག །
ཚེ་གེགས་ཞི་ཞིང་ཚེ་རྒྱུན་བསྲིངས་བ་ཡི། །
ཚེ་ཆུ་ཡན་ལག་བརྒྱད་ད་དུང་འབབ། །

༢༧༩ གང་གི་ཐུགས་ཀྱི་བུ་ཆེན་རྣམ་བཞི་ཡི། །
སྒྲུབ་ཕུག་བལྟ་བས་ཆོག་མི་ཤེས་པ་དག །
ཕྲེང་ལ་བསྟར་བའི་རི་མོ་ལྟ་ན་སྡུག །
མར་པའི་སྒྲུབ་ཕུག་གང་གི་གམ་དུ་ལྷམ། །

༢༨༠ ཡང་སྟེང་གཞལ་ཡས་ཁང་ན་འཛུམ་པ་གང་། །
མར་པའི་ཟངས་ཕུག་ཅེས་པའི་མཚན་གྱི་རིས། །
འཛུམ་ཞིང་ངོ་མཚར་བཀོད་པ་ངག་འདབ་ལ། །
ལེན་པའི་གནས་སུ་བདག་ནི་ཅིར་ཡང་ངལ། །

༢༨༡ གྲུབ་བརྙེས་མར་པ་ཆོས་ཀྱི་བློ་གྲོས་དཔལ། །
གང་གིས་རྡོ་ལ་བྲིས་པའི་ཞབས་རིས་དང་། །
རྡོ་ཡི་མཎྜལ་སྤྱན་གཟིགས་རང་བྱོན་དག །
ཟངས་ཕུག་གང་གི་གམ་ན་སྤྱི་བོར་ལེན། །

༢༨༢ འཁོར་ལ་ཆོས་འཁོར་བསྐོར་བའི་གནས་ཉིད་དང་། །
འཕགས་ཡུལ་བསིལ་བ་ཚལ་གྱི་དུར་ཁྲོད་ཟླར། །
ལྷགས་པའི་གྲོ་བོ་ལུང་གི་དུར་ཁྲོད་སོགས། །
འདྲེན་བྱེད་ལམ་དུ་དྲངས་བའི་ལས་ལ་འཐམ། །

༢༨༣ དེ་ནས་སྔར་ཀྱི་གཙུག་ལག་འོག་ཉིད་ལ། །
མཇལ་ཁ་ཞུ་བཞིན་ཐོས་དང་བསམ་པ་ཡི། །
ཀློག་པའི་ཆོས་ལ་བརྩོན་པར་ཡིད་རེ་འཁྲེངས། །
ལྷོ་བྲག་རྫོང་ལ་དལ་འབབ་རྒྱུན་དང་འགྲོགས། །

༧.༢༠ཉིན་ལྷོ་བྲག་མཁར་ཆུ་དགོན་དགའ་ལྡན་བདུད་འཇོམས་གླིང་ནས་སྲས་མཁར་དགུ་ཐོག་དང་གྲོལ་བོ་ལུང་སོགས་ལ་མཇལ་ཁ་ཞུས་ཏེ་ལྷོ་བྲག་རྫོང་ལ་བགྲོད་པའི་ཟིན་ཐུན།#✍️ དྲང་འཇུག།#

གནོད་ཚིག་དུག་དང་འདྲ་བ་ལ། །
སྨན་དུ་འཛིན་པའི་སྐྱེ་བོ་ནི། །
ས་ཡི་རྡུལ་ལས་མང་མཐོང་བས། །
འགྲོ་ལ་སྙིང་རྗེ་ངང་གིས་སྐྱེས། །
害人言语犹如毒
而其视为妙药者
多似大地尘之故
于众悲心任运生 https://t.cn/z8AtNUN

ཆོས་ཀྱི་གཞུང་ལུགས་མཐར་ཕྱིན་ཞར།།
མི་ཆོས་གཙང་མའི་ཁྱད་ཆོས་རྫོགས།།
ད་དུང་ཚན་རིག་རྣམ་བཞག་གསལ།།
དོན་གྱི་བློ་ལྡན་ཁྱེད་ལས་སུ།།

___ཧཱུྃ་ཀར་རྡོ་རྗེས།


发布     👍 0 举报 写留言 🖊   
✋热门推荐
  • 我当初到访这些古迹时,并不知道它们在中国茶文化的传播中占有如此重要的地位。第一,对电商平台全部都“隐去名字”隐私保护的意味很明显。
  • 现在去taptap和苹果商店预约能领取限定麦乐兽、角色头饰和背饰,还不快艾特你的大腿一起开着房车踏上奇异之旅~#游戏233##出发吧麦芬##游戏安利墙#小丸子•
  • 2024.5.17 周五新歌汇总歌单:本期封面专辑:Billie Eilish - HIT ME HARD AND SOFTA Boogie wit da Ho
  • 都说煤球子眼儿多,春生却觉得,都没得雷小狗这臭小子折腾人的窍门儿多,往常使得了那些yin法,却还不尽兴,一日从试飞营地里训练完回来,是饭食也顾不得吃了,澡也顾不
  • 挨着传统产业核心区:国贸、金融街、中关村、望京,这是一种比较稳妥的选择思路;或者买入一些发展潜力巨大的周边区域:昌平南、副中心、亦庄等等。亦庄经开区外号“国际庄
  • 今天收到了穿越时空的来信今天出掉了一台 闲置的旧相机 在清理内存卡的时候 看到了来自2014年的阿拉斯加的极光尘封的记忆被开启 喜怒哀乐都那么鲜活[苦涩][苦涩
  • 这片区域开始就是万国建筑群了,和外滩相比鼓浪屿的就婉约许多了。9.这次是和鸭脚夫妇一起出行,整个潮州给人的感觉悠闲自在怡然自得,潮州的老城区街区多为骑楼建筑,街
  • 每次回顾旧照片的时候我都觉得特别幸福南风过境十里,春风不如你 温山暖水满天星辰,不及你眉眼半分没有一个夏天像今年一样,让人意犹未尽,仿佛这份炽热还存留在心底❥
  • #林墨 平衡大作战# [比耶]#林墨的朋友圈# 买了一个相框装饰粘土花,好想送给黄其淋呀![哈哈][哈哈]花瓶是粘土捏的木纹图案,右下角是小青蛙冰淇淋,还有一只
  • 我长期以来的问题是想的太多而做的又太少,各类作品给我开辟了广袤无垠的思维空间,可现实的框架里我只得束手束脚寡言少语。与维尔汀在雨幕里行进了一年之后,我也逐渐的认
  • 因此,人活著,既往不咎,未來不戀,當下不雜,活在當下,做好當下該做的事情,盡力而為,只管努力,你想要的美好都會如期而至!【燕阳读书】【真正过得好的人,都懂得翻篇
  • 商务部外资司有关负责人表示,这一数字是近5年来的最高水平,显示出跨国公司仍看好中国市场发展机遇,对华投资持续加码。  在“投资中国”首场标志性活动上,商务部发布
  • #君霄cp[超话]#《敬告新粉丝朋友一书》1.不要妄自菲薄的认为那些等级比自己高的人就一定是好人从而认为他们就是对的、甚至贬低自己;2.当碰到有人污蔑自己、污蔑
  •   但林衍不能真的那么无理摘人家墨镜,他是大夫,不是流氓,摘美女眼镜的事情做不出来,就怀着意犹未尽的遗憾进屋了。”沈峰忍不住上前,却被身后的人拉住,无论如何现在
  • 寺院西厢虞世南研究馆,紫藤花垂垂廊下,女同胞纷纷留影。喝茶,听友人吹箫,『寒山僧踪』空灵悠远,听之忘俗。
  • 十二、淮安吉得隆超市有限公司销售的标称山东超和龙山腾食品有限公司生产的鸡胸肉(鸡肉),氯霉素不符合食品安全国家标准规定。十三、扬州市广陵区管管餐饮经营部使用的小
  • 毕竟李家众人也都在吃大锅饭呢,根本没机会吃独食…幸好,老太太极容易满足,扭头看见这么多东西,恨不得高兴的手舞足蹈。本来大舅妈还是有些意见的,可是当看到毫不犹豫地
  •   “不用......”  姜心还想拒绝,但在看到江禾那坚定的眼神后,也只能叹息一声。”  这倒不是江禾瞎说,这些年没被江家接走之前,他就是这么过来的,打扫卫生
  • 现状地意义,不是被一群朋友围绕,也不是被一堆问题缠绕,「传播与权力的关系非常复杂,我们可以分成三个层次来介绍。但我们也希望,这不仅仅是一起简单的医疗纠纷,而是能
  • 你的芯芯有多可爱你一定知道,在决定向你"求婚"的那一刻,她们或雀跃、或紧张、或羞涩,或感动、或狂喜……你所能想到的女孩子可爱的模样,她们都有! 宝北,你知道吗,