འུར་ཟིང་གི་རྗེས་སུ། ཁ་བ་མང་ས་ཞིག་ནས།
༡ ཁྱེད་བུད་མེད་ཡིན་པས་དམིགས་བསལ་སྤྲོད་ཆོག་ཟེར་བའི་སྐད་ཆ་འདི་དོན་དུ་ཁྱེད་ཀྱི་ནུས་པ་དང་ཐོབ་དབང་ལ་སྣང་མེད་བྱེད་པ་རེད། ༼ང་སྐད་ཆ་འདིར་དགའ་བོ་མེད།༽
༢ བུད་མེད་ཀྱིས་རང་ཉིད་བུད་མེད་ཡིན་པ་ངོས་ལེན་བྱ་ཐུབ་པ་དང་བུད་མེད་རང་ལ་དབང་བའི་ཁྱད་ཆོས་དང་མཛེས་པ་ལ་བརྩི་བཀུར་བྱེད་པ་ནི་དོན་དུ་བུད་མེད་ཀྱི་ཐོབ་ཐང་དགོས་ཞེས་སྐད་རྒྱག་པ་ལས་ཀྱང་རྩ་ཆེ་བ་འདུག ༼སྐད་ཆ་འདིར་ང་ཧ་ཅང་དགའ།༽
༣ མི་རིགས་དང་རིག་གཞུང་གང་ཡིན་ཡང་ལེགས་པའི་ལམ་ལ་བསྐྱོད་ཅིང་བླང་དོར་གྱི་ལམ་ལ་ཞུགས་པར་རྒྱུད་རིམ་ངེས་ཅན་ཞིག་དགོས་པས་ཕོ་མོ་མཉམ་དུ་ཕན་ཚུན་བསམ་ཤེས་དང་དཀྱེལ་ཡངས་བྱ་དགོས་པར་འདོད། ༼སྐད་ཆ་འདི་ཡང་ནས་ཡང་དུ་བཤད་བཞིན་ཡོད། ༽
༤ རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་ལ་སྲུང་གཙིའི་ཁ་གཡང་བསྒྲགས་མཁན་ཁྲོད་སྨྱུག་འཛིན་པ་མང་ཡང་། དོན་དུ་བུད་མེད་ལ་འགྲོ་ཞོར་འདུག་ཞོར་ནས་མཐོང་ཆུང་གི་ཚིག་ཟུར་འཕེན་མཁན་དང་བུད་མེད་ཀྱི་སྐད་ཆ་དང་བསམ་བློ་ལ་སྣང་ཆུང་བྱེད་མཁན་ཡང་སྨྱུག་འཛིན་པ་ཚོའི་ཁྲོད་དུ་མང། ༼ སྐད་ཆ་འདི་ལོ་འདི་འགའི་ཚོར་སྣང་ཡིན།༽
༥ བུད་མེད་ལ་བརྩི་བཀུར་དང་རྒྱབ་སྐྱོར་དགོས་ཞེས་སྐད་རྒྱག་མཁན་ཁྲོད་བུད་མེད་མང་པོ་རེད། ཡིན་ན་ཡང་བུད་མེད་ཕན་ཚུན་བར་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་དཀོན་ལ། ད་དུང་སྐྱེས་པ་ཚོའི་མདུན་དུ་བླ་བཙག་རྒྱབ་འདེད་བྱ་རྒྱུ་དགའ་བ་ཡང་བུད་མེད་ཕན་ཚུན་བར་དུ་མང་། ༼སྐད་ཆ་འདི་མ་བཤད་ན་ཡང་བཟང་མོད། ཡིན་ཡང་ངས་སྐད་ཆ་སྤས་མི་ཤེས།༽
༦ བུད་མེད་ཡིན་ན་དམིགས་བསལ་ཡིན་ཞེས་པ་ནི་མདོར་ན་བུད་མེད་ལ་མཐོང་ཆུང་གི་ཚིག་ཅིག་རེད། ང་རང་འགྲོ་བ་མི་ཡིན་པའི་རྩ་དོན་སྐྱོང་མཁན་ཞིག་ཡིན་པས་ང་ལ་དམིགས་བསལ་མི་དགོས། བུད་མེད་ལ་བུད་མེད་ལས་ལྷག་པའི་འགྲེལ་བཤད་དང་ཆོ་ལོ་མི་དགོས་ཏེ། བུད་མེད་ཀྱི་ལྷན་སྐྱེས་ནང་ན་རྫོགས་མཐའ་བྲལ་བའི་མཛེས་པ་སྟོང་ཕྲག་ཡོད། སྐྱེས་མའི་སྟོབས་ནི་རང་བྱུང་ལ་ངོ་ལོག་མི་བྱ་བར་ལྷན་སྐྱེས་ལ་བརྩི་བཀུར་དང་བཅས་རང་གི་ནུས་པ་ལ་རིན་ཐང་སྤྲོད་དགོས་པ་དེའོ། བུད་མེད་ཀྱི་ལྷན་སྐྱེས་ངོས་ལེན་བྱེད་མཁན་ཞིག་ཡིན་ན་གཞི་ནས་བུད་མེད་ཀྱི་ནུས་པ་བདག་ཐོབ་བྱེད་མཁན་ཡག་ཤོས་ཤིག་ཏུ་འགྱུར་ཐུབ་པ་ལས། མོ་གཙོ་རིང་ལུགས་དང་མོ་ཆོས་རིང་ལུགས་ཟེར་བའི་ཁ་གཡང་ལ་སེམས་པ་ཤོར་བ་ནི་གླེན་རྟགས་ཤིག་གོ།
༧ ཉིན་གཅིག་གི་ཁ་གཡང་དེ་ང་ལ་མི་དགོས། ཉིན་གཅིག་གི་རྒྱ་སེ་མེ་ཏོག་དེ་ཡང་ང་ལ་མི་དགོས། ཉིན་གཅིག་གི་ལག་རྟགས་བརྗིད་པོ་དེ་ནི་དེ་བས་ཀྱང་ང་ལ་མི་དགོས། དུས་རྟག་ཏུ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་ཤིག་འཛིན་རོགས། ང་ཚོ་ཚང་མ་འགྲོ་བ་མི་ཡིན། བུད་མེད་ལ་དྲང་བོ་མིན་པའི་ལྟ་ཚུལ་འཛིན་མཁན་ནི་སྐྱེས་པ་ཁོ་ན་མ་ཡིན་པར། བུད་མེད་རང་ཉིད་ཀྱང་ཡིན་པ་རེད། བུད་མེད་ལ་ཤས་ནས་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དང་ཁེ་དབང་ཟེར་བ། འདྲ་མཉམ་ཟེར་བ་བཤད་བཞིན་དུ་བུད་མེད་ནང་ཁུལ་ལ་དྲང་བོ་མིན་པའི་ལྟ་ཚུལ་འཛིན་བཞིན་ཡོད། གཞི་རྩའི་གནད་དོན་ཚང་མ་གཅིག་པ་སྟེ། མི་རེ་རེར་སོ་སོའི་རྩ་འཛིན་དང་མྱོང་བ་ལས་རིན་ཐང་གི་ལྟ་ཚུལ་རེ་ཡོད་པས་སོ་སོ་དང་བསམ་བློ་མ་མཐུན་པ་འཛིན་མཁན་ཚོར་བསམ་བློ་མ་འདྲ་བ་ཡོད་པ་དེ་དང་ལེན་བྱ་དགོས།
A new report from the United Nations found that close to 90% of people — both men and women — display prejudiced sentiments toward women.
#womensday##三八妇女节#

སྤུ་རྒྱལ་བཙན་པོའི་དུས་ཀྱི་དགེ་བ་བཅུའི་བཀའ་ཁྲིམས་སྐོར་གྱི་བརྗེད་ཐོ།

དེ་ལ་ཉེ་བའི་ཆར། སྤུ་རྒྱལ་བཙན་པོའི་དུས་ཀྱི་ལྷ་ཆོས་དགེ་བ་བཅུའི་ཁུངས་དང་། ཁྱད་པར་དུ་དེའི་ནང་གི་སྲོག་གཅོད་པ་ཞེས་པའི་སྐོར་ལ་དོགས་འདྲི་བྱེད་མཁན་མང་དུ་བྱུང་ནའང་། དེ་དག་རེ་རེ་ལ་ལན་གདབ་མི་དགོས་པར་དཀྱུས་གཅིག་ཏུ་བརྗེད་ཐོ་འདི་ལ་གཟིགས་རོགས་ཞུ་རྒྱུ་ཡིན།

དང་པོ་སྤྱིའི་ཁོག་ཅུང་ཟད་དབུབ་པ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཁྲིམས་རྣམ་པ་ལྔ་སྟེ། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས། འབུམ་གསེར་ཐང་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས། མདོ་ལོན་ཞུས་བཅད་ཀྱི་ཁྲིམས། ཁབ་སོ་མནན་པའི་ཁྲིམས། བཀའ་ལུང་རྒྱལ་ཁྲིམས་བཅས་སྟེ། དེ་དག་ནི་བོད་རུ་བཞིའི་དཔོན་ཚན་དང་། མི་འབངས་རིས་སུ་མ་ཆད་པར་ཡོངས་ཁྱབ་ལ་གནང་བའི་བཀའ་ཁྲིམས་ཡིན། དེ་དག་རེ་རེ་ལ་གོ་དོན་དང་འགྲེལ་བཤད་མང་དུ་སྨྲ་རྒྱུ་ཡོད་ནའང་། འདིར་ངལ་བ་མ་དགོས་པར་གཞན་ལས་ཤེས་པར་བྱའོ།།

དེ་ལ་ལྷ་ཆོས་དགེ་བ་བཅུ་ནི་སྐབས་བབ་ཀྱི་འཆད་བྱ་སྟེ། དགེ་བ་བཅུ་བྱ་བ་ནི་ནང་བའི་ཆོས་གཞུང་གི་གཙིགས་ཆེ་བའི་ཐ་སྙད་ཅིག་ཡིན་པ་མ་ཟད། གནའ་བོའི་རྒྱ་གར་ནང་བའི་ལྟ་གྲུབ་མཚོན་པའི་བརྗོད་བྱ་གལ་ཆེ་བ་དག་ཀྱང་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ། རྒྱ་གར་ལ་དཔེ་བླངས་ནས་དགེ་བ་བཅུའི་ཁྲིམས་བཙུགས་ཡོད་ནའང་། དེའི་ཁུངས་ནི་བསྟན་བཅོས་གང་ལ་བཅོལ་ཡོད་མེད་སྐོར་ནི་ད་ཕན་ཕལ་ཆེར་མཐོང་རྒྱུ་མེད་སྙམ་ལ། གཅིག་ཏུ་ན། སྲོང་བཙན་སྒམ་པོའི་དུས་སུ། ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་བར་གྲགས་པའི་ཁྲོད་ཀྱི་གཅིག་ལ་ཁུངས་བྱས་ཡོད་མེད་ཀྱི་སྐོར་ལ་མུ་མཐུད་དུ་ཞིབ་འཇུག་ནན་ཏན་བྱེད་དགོས་སྙམ།

ཡང་ནུབ་ཕྱོགས་ཧྥ་རན་སིར་ཉར་ཚགས་གནང་བའི་བོད་ཡིག་གི་ཏུན་ཧོང་ཡིག་ཆ་ཨང་རྟགས༩༦༠པའི་ནང་དུ་ནམ་དགེ་བ་བཅུ་མི་སྤྱོད་པའི་དུས་ན་ཞེས་འབྱུང་བ་ལས། དགེ་བ་བཅུའི་རྣམ་གཞག་ནི་མ་མཐའ་ཡང་དུས་རབས་བརྒྱད་པ་ཙམ་ནས་ཡིག་ངོས་སུ་བསྟན་རྒྱུ་ཡོད་པར་སྙམ་ལ། གཞན་ཡང་ཆོས་རྒྱལ་གྱི་སྐུ་དུས་སུ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ལོ་ཙྪ་བ་བན་དེ་དཔལ་གྱི་དབྱངས་ཀྱིས་བསྒྱུར་ཞིང་ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའི༼ འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༽ལས་ཀྱང་དགེ་བ་བཅུ་ཞེས་བྱུང་ཡོད། དེ་ལྟར་དགེ་བ་བཅུ་ཞེས་པའི་ཐ་སྙད་དང་དེའི་བཀོད་སྤྱོད་ནི་དུས་རབས་བདུན་པ་ནས་དབུ་བརྙེས་ཤིང་། དུས་རབས་བརྒྱད་པ་ནས་དགུ་བ་ཙམ་ལ་ཡོངས་ཁྱབ་ཀྱིས་བེད་སྤྱོད་གནང་ཡོད།

མཁས་པ་ལྡེའུ༼༡༡༢༤-༡༡༧༥༽ཡིས་མཛད་པའི༼རྒྱ་བོད་ཆོས་འབྱུང་རྒྱས་པ༽ལས་བཀའ་ལུང་རྒྱལ་ཁྲིམས་དྲུག་གི་ནང་དུ། སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་པར་སྤྱོད་པ། རྫུན་སྨྲ་བ་བཅས་དགེ་བ་བཅུའི་ནང་གི་བརྗོད་བྱ་ཁ་ཤས་བཀའ་ཁྲིམས་ཀྱི་ནང་དུ་བཞག་ཡོད། དེ་ནི་རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས་སྟེ། གནའ་བོའི་རྒྱ་གར་གྱི་དགེ་བ་བཅུ་ལ་དོན་གྱི་དཔེ་བླངས་པ་ཡིན་ཞེས་བཀོད་ཡོད། ཡིན་ནའང་། ང་ཚོས་དཔེ་ལེན་སའི་བསྟན་བཅོས་དང་དེའི་ཁུངས་གང་ཡིན་མིན་སྐོར་ལ་མུ་མཐུད་དུ་འཚོལ་ཞིབ་ནན་ཏན་བྱེད་དགོས་སྙམ།

དེ་ལས་བྱེ་བྲག་ཏུ། དགེ་བ་བཅུའི་ནང་གི་སྲོག་གཅོད་པ་ཞེས་པའི་བསྟན་དོན་ནི། གནའ་བོའི་རྒྱ་གར་གྱི་ནང་བའི་བཀའ་དང་བསྟན་བཅོས་ལས་གང་བྱུང་བ་རྣམས་གཞིར་བཞག་ན། དབུགས་ཀྱི་རྒྱུ་བ་ཡོད་པའི་སེམས་ཅན་ཡོད་དོ་ཅོག་གི་སྲོག་བསྟན་ཡོད་པ་གདོན་མི་ཟ་ནའང་། སྤུ་རྒྱལ་བཙན་པོའི་དུས་སུ་རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས་ལྟར་དགེ་བཅུའི་རྣམ་གཞག་བོད་དུ་འདྲེན་དུས་སུ། སྲོག་གཅོད་པ་བྱ་བ་ནི་མིའི་སྲོག་བཅད་པ་ཁོ་ན་བསྟན་ཡོད། དེའི་རྒྱུ་མཚན་ནི། དཔའ་བོ་གཙུག་ལག་ཕྲེང་བ༼༡༥༠༤-༡༥༦༦༽གིས་མཛད་པའི༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས། སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་དང་གསོན་སྟོང་ཞེས་བཀོད་ཡོད། དེ་ནི་མིའི་སྲོག་དོན་མེད་དུ་བཅད་ན་གཤིན་སྟོང་དང་གསོན་སྟོང་མཇལ་དགོས་ཞེས་བཤད་པ་ལས། རི་དྭགས་དང་གཡུང་དྭགས། སྒོ་ཕྱུགས་བཅས་ཀྱི་སྲོག་བཅད་ན་གཤིན་སྟོང་དང་གསོན་སྟོང་མཇལ་བའི་ལམ་ལུགས་མེད་པའི་ཚུལ་རིགས་པས་དཔྱད་ནུས་སོ།།

མདོར་ན་སྤུ་རྒྱལ་བཙན་པོའི་དུས་ཀྱི་མི་ཆོས་གཙང་མ་བཅུ་དྲུག་དང་། ལྷ་ཆོས་དགེ་བ་བཅུ། མཛངས་མའི་ཡོན་ཏན་བརྒྱད་སོགས་ནི་བཀའ་ཁྲིམས་ཀྱི་ངོ་བོར་ཡོད་ཅིང་། གང་ཟག་མིའི་སྒོ་གསུམ་སྤྱོད་ལམ་གྱི་ཡོན་ཏན་འཕེལ་བའི་རྐྱེན་དུ་བཀོད་པ་ཞིག་ཡིན་ལ། བོད་སིལ་བུར་འཐོར་བའི་དུས་ནས་བཟུང་། སྔོན་བཙན་པོའི་དུས་ཀྱི་བཀའ་ཁྲིམས་སོགས་ལ་ཆོས་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་བསྲེས་ནས་དར་སྤེལ་བཏང་ཡོད། ང་ཚོས་ཅིས་ཀྱང་དེ་དག་གི་དང་པོའི་ཁུངས་བཙལ་ནས་མཐའ་མའི་འགྱུར་རིམ་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་དེ་གལ་ཆེན་པོ་རེད་སྙམ།

བན་ཤུལ་དཔལ་མཁར་རྒྱལ་གྱིས།

༢༠༢༡། ༣། ༣། ཡུལ་དབུས་ལྷ་སར།

ལོ་གསར་བཟང་། ༡༣༧༦

ལོ་གསར་པར་འཆར་གཞི་གསར་བ། རེ་བ་གསར་བ།

སློབ་སྦྱོང་གསར་བ་སོགས་ལེགས་འགྲུབ་ཤོག

བཀྲ་ཤིས།

新的一年,新的计划、新的目标,加油
[烟花][烟花] [烟花][烟花] [烟花][烟花] https://t.cn/RIoa7pt


发布     👍 0 举报 写留言 🖊   
✋热门推荐
  • 克什克腾草原音乐节,承办方以媒介的专业服务精神,合纵了国内顶级资源,预备了强大的演出阵容。被誉为中国十年“最具影响力音乐人”的许巍和杭盖乐队、 天堂乐队、反光镜
  • 公元198年,曹操攻破下邳城,擒获吕布、陈宫等人。曹操想放过陈宫,故意问他:“公台兄足智多谋,为何反被我所擒?”陈宫指着一旁的吕布说:“都怪此人,他若听我之言,
  • 《0723今生的我》 輕淺時光,總在記錄中,一些零亂思緒。我在季節的眉眼間,撥動著歲月里悠悠綿長的心弦。一懷柔情,一句心語,以淺笑清風的瀰漫成紫色的思念,在繾綣
  • #澳洲WHV#既然决定了,那就开始吧,去过一段未知的新生活。 挑了一家评价最多最好的host 旅行就像是一场游戏,体验新的“经历”就像是进入一个新的关卡。 很
  • 当时遮天蔽日的社会,如今已是换了人间。———季羡林 当华美的叶片落尽,生命的脉络才历历可见… 活着不一定要鲜艳,但一定要有自己的颜色#油画 “忆往昔,风雨兼
  • 【编号141】到期:准16年宝马316Li 1.6T时尚加长版 无钥匙进入 一键启动 多功能方向盘 定速巡航 主副驾驶电动座椅加热 自动空调 车内氛围灯 后排遮
  • #洛克王国[超话]# 写给洛克王国: 13年在同学的介绍下我开通了一个你账号,在那时非常非常的喜欢,我第一次去就选择了火花,我亲眼见证了你的魔法任务由可可果
  • 1、严格来说,中青报的这个提醒没有什么问题。 2、引用新乡新闻网的视频,也只为了告诉大家灾区现在的规定和现状,既没有说这个视频的内容就是怼明星和网红,也没有说
  • 【新城警方跨越千里 二十七年后家人“团圆”】近日,公安新城分局通过DNA数据比对,成功找回1994年的走失儿童欢欢(化名),失散二十七年的一家人迎来了重逢。
  • #什么是中国好产品##新国货就来金物奖#「台湾中药研磨皂」 区别于市场上一般的手工皂,该产品采用纯手工多道研磨制作技艺,最大程度上避免了中草药成分的流失,并将
  • 牙齿正畸【矫正必做功课】整理来自@矫正之家 (专业正畸博主) [棒棒糖][棒棒糖]矫正完毕,内收嘴巴直接从凸嘴老阿姨变身青春活力少女~姐妹们是真的!整牙会变美
  • 【一份表格里的郑州自救:电影院被写进文档后 当晚来了上千人】7月20日下午4点,郑州东方嘉禾影城正在播放影片的放映厅突然停电,影城经理杨震向观众许诺,下次再来,
  • 【快发展 慢生活 成都幸福美好生活的“密码”】快。每天,地铁列车在558公里的轨道线路呼啸穿梭,运送着以百万计的乘客,以高效率完成着乘客的通勤之需,也演绎着这座
  • 《资治通鉴》9大名言警句 一、良药苦口利于病,忠言逆耳利于行。 二、怒者常情,笑者不可测也。 三、祸不妄至,福不徒来。 四、当断不断,反受其乱。 五、前虑不定
  • 我的评分:[星星][星星][星星][星星][星星] 小众古镇美食攻略(bushi)‖镇远古镇|||我本来是打算去攻略里较多人推荐的,但懒得走再加上有时候反而不
  • 多美的赛道,用脚趾感触着地上青草和水池里的水美妙极了。今天我们第一次一起在海之森越野赛场地勘测,8月1日将在这里比赛。赛道很大,对所有人马组合都是不小的挑战,
  • 下午两点,一位老朋友在电话里告诉我,从石家庄回来了,特请我去沃尔堡品茶。于是,我再次见到那一面水墙,再次听见循环流动的水发出的灵妙之音,还见到古玩家王总、柴书记
  • #阳光信用[超话]# ️#阳光信用# ️#日行一善# 【1⃣️5⃣️字互动,指路不吞必hui】 人人存善念,并能日行一善,则个人、家庭、社会一定安乐祥和。这世
  • 刘嘉玲对惠英红说:我觉得你已经成为一个生活模式了,你经常在等机会来。[委屈]惠英红笑了,说:不能等。[委屈]她直白地说:一个千金小姐抓一个机会,跟我们这个要饭的
  • 【勇立“新”意奋笔疾书芜湖文章】 近日,全市产业链工作推进大会郑重提出,全市上下要强化创新、包容、开放的理念,努力将芜湖打造成“新思路的试验地”“新事物的生发地