༈ཁ་སང་ཆོས་གྲོགས་འགའ་དང་ལྷན་དུ་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཀོད་བཞིན་། ད་ལྟ་མཚོ་སྔོན་གྱི་ནོར་བུ་གླིང་གར་འབོད་པའི་ཁམས་རའི་ཀ་དག་གཞིས་ཀར་སོང་བ་ཡིན། འུ་ཅག་གིས་ངོ་སྤྲོད་ལས་མཇལ་བ་བཞིན་གནས་དེར་ཐུན་མིན་གྱི་ཁྱད་ཆོས་དམིགས་བསལ་བ་འགའ་རེ་ཡོད་ནའང་།
ང་རང་ངོས་ནས་ཚོར་བ་ཆེས་ཟབ་ཅིང་ཤེས་པ་དང་། མུ་མཐུད་རྩད་ཞིབ་ཀྱིས་ཤེས་འདོད་པ་ཅིག་ནི་འཁོར་ཡུག་འདིའི་འདས་སོང་གི་ལོ་རྒྱུས་ཡིན་ལ། ལྷག་པར་དེ་དུས་ཀྱི་གཞིས་སྒར་ཞིག་ལ་མཚོན་ན་གློག་གི་ཆ་རྐྱེན་ལྡན་པ་དང་། ཤེལ་གྱི་རབ་གསལ་ཡོད་པ། དེའི་མི་ཚད་སྐབས་དེ་དུས་ནང་ལོག་ནས་སིལ་སྡོང་སོགས་ཀྱི་སྐྱེ་དངོས་ཁྱེར་ཡོང་ནས་འདེབ་འཛུག་གནངས་པ་སོགས་མདོར་ན་སྐབས་དེའི་ཐུགས་བཀོད་ཀྱིས་དེ་དུས་མ་ཟད་དེང་དུས་ཀྱི་མི་རྣམས་ཀྱང་ཅུང་ཧ་ལས་དགོས་པའི་ཚད་དུ་ཡོད་པ་དེ་རེད།
དེང་སྐབས་ཀྱི་གཞིས་ཁྱོན་དང་སྔོན་དུས་ཀྱི་གཞིས་ཁྱོན་ལ་འགྱུར་བ་ཅུང་ཟད་རེ་ཐེབས་ཡོད་སྲིད་ནའང་ད་ལྟའང་ཁོང་གི་གཞིས་སྒར་འདི་བཞུགས་པ་ནི་འུ་ཚོར་སྙིང་སྟོབས་ཤིག་དང་ལ་རྒྱའི་ཤོག་ལྷེ་ཞིག་ལྷག་ཡོད་པ་ཅིས་མ་ཡིན།
—མེ་ལོང་དམར་པོའི་གློར་བྲིས།

༈ ལྷག་པའི་ཐུགས་བསམ་གངས་ལྗོངས་སྤྱི་ལ་དཀར།།
འཕྲལ་ཡུན་ལེགས་ཕན་ཞལ་གསུང་སློབ་ཚོགས་གནང་།།
མཛད་པའི་ཞབས་རྗེས་བསྟན་འགྲོའི་གསོས་སུ་སྨིན།།
མཁན་ཆེན་བླ་མ་སྙིགས་དུས་བསྟན་འགྲོའི་དཔལ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།
འཕྲལ་ཡུན་ལེགས་ཕན་ཞལ་གསུང་སློབ་ཚོགས་གནང་།།
མཛད་པའི་ཞབས་རྗེས་བསྟན་འགྲོའི་གསོས་སུ་སྨིན།།
མཁན་ཆེན་བླ་མ་སྙིགས་དུས་བསྟན་འགྲོའི་དཔལ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།
༈ ས་ག་ཟླ་བའི་ཚེས་བཅོ་ལྔ།
ལྷུམས་སུ་ཞུགས་པ།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །
སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །
རྣམ་པར་ལྷུམས་སུ་ཞུགས་པར་གསོལ་བ་འདེབས། །
སངས་རྒྱས་པ།
སུམ་ཅུ་རྩ་ལྔའི་དགུང་ལོར་ཉེར་བབས་དུས། །
ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི །
ཐ་མར་བླ་མེད་བྱང་ཆུབ་བདུད་རྩིའི་བཅུད། །
ཐུགས་ཀྱི་དཔལ་བེར་གཏམས་ལ་གསོལ་བ་འདེབས། །
སྐུ་མྱ་ངན་ལས་འདས་པ།
བརྒྱད་ཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །
བཅོ་ལྔའི་ཚེས་ཀྱི་ནང་བར་དེ་བཞིན་གཤེགས། །
འཇིག་རྟེན་ངོས་སུ་མི་སྣང་ལྟར་གྱུར་ནས། །
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །
ལྷུམས་སུ་ཞུགས་པ།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །
སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །
རྣམ་པར་ལྷུམས་སུ་ཞུགས་པར་གསོལ་བ་འདེབས། །
སངས་རྒྱས་པ།
སུམ་ཅུ་རྩ་ལྔའི་དགུང་ལོར་ཉེར་བབས་དུས། །
ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི །
ཐ་མར་བླ་མེད་བྱང་ཆུབ་བདུད་རྩིའི་བཅུད། །
ཐུགས་ཀྱི་དཔལ་བེར་གཏམས་ལ་གསོལ་བ་འདེབས། །
སྐུ་མྱ་ངན་ལས་འདས་པ།
བརྒྱད་ཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །
བཅོ་ལྔའི་ཚེས་ཀྱི་ནང་བར་དེ་བཞིན་གཤེགས། །
འཇིག་རྟེན་ངོས་སུ་མི་སྣང་ལྟར་གྱུར་ནས། །
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །
✋热门推荐