༧ མཛོ་མོ་མཁར་རམ་དམ་ཆོས་ཐར་བ་གླིང་དགོན་པར་མཇལ་སྐོར་བྱས་ལ། དེའི་རྟེན་གྱི་གཙོ་བོ་ནི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གི་གཞུགས་ཁྲིའམ་གཟིམ་ཁྲི་དང་སྐུ་གདུང་མཆོད་རྟེན་རེད། སྔོན་གྱི་ཙན་དན་དཀར་བོའི་ལྗོན་ཤིང་དང་མཛོ་མོ་མཁར་དང་འབྲེལ་ཡོད་ལོ་རྒྱུས་སོགས་ཨ་ཁུ་དཀོར་གཉེར་དེས་ངག་རྒྱུན་དང་བཤད་རྒྱུན་མང་པོ་ཞིག་དྲངས་བྱུང་བས་མཇལ་སྐོར་དེ་བས་སྤྲོ་བོ་བྱུང་།[合十][合十][合十] https://t.cn/ELw7tnx
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག
#我的老师# ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་མིག་དང་ལྡན་པའི་སློབ་དཔོན་བཀའ་དྲིན་ཅན།སློབ་ཚོགས་འཇིགས་པ་དང་སྡུག་བསྔལ་ཀུན་ལས་སྒྲོལ་བའི་སློབ་དཔོན་བཀའ་དྲིན་ཅན།ཐུགས་རྗེ་ཉེ་རིང་མེད་པར་ཀུན་ལ་ཕན་པ་འདོགས་མཁས་སློབ་དཔོན་བཀའ་དྲིན་ཅན།གུས་པའི་ཐོས་བསམ་གྱི་ལམ་ཆེན་དུ་འོད་ཀྱིས་འཚེར་བའི་ཉི་ཟླ་ཟུང་གཅིག [鲜花][鲜花][鲜花]
✋热门推荐