མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་ཆེན་མོ།།
མ་སྨད་མཛེས་སྡུག་རྫོགས་པའི་ཁ་བ་ཡི་རུ་བ།།
ཁྱོད་དང་ང་ཡི་གཞིས་ཀྱི་ཕ་ས་རུ་གྱུར་ཚེ།།
རྩོལ་མེད་ལྷུག་པར་གྲོལ་བའི་དགའ་བ་ཞིག་འཁྱིལ་ཡོད།།

དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན་གྱིས།
ང་ཤི་བའི་ཚེ་ན་འདི་ཐོན་ཞེས།།
སྨྲ་དཀའ་བཞིན་ཁ་ཆེམས་འཇོག་པ་ལས།།
སྐབས་འདི་རུ་སྡིག་པར་མི་དགའ་བར།།
ཆོས་བྲེ་གསོག་ཕུད་གསོག་བྱས་ན་ལེགས།།

ཉི་འོད་རབ་ཏུ་ཚ་བས་རྩི་ཤིང་ལོ་མ་ཐམས་ཅད་ཀྱང་སྐམ་མི་འགྲོ་སྙན་པ་ཞིག་འདུག

སྐབས་འདི་ལ་ཆུ་འོག་ཅིག་ཏུ་འཛུལ་འདོད་སྐྱེ། ཉ་མོ་དག་ལ་སྨོན་པ་འཆོར། འཁྱག་སིབ་སིབ་ཀྱི་ཆུ་རྫིང་ཞིག་གི་ནང་དུ་མཆོང་ལྡིང་བྱེད་ན་འདོད། དབྱར་སླེབས་པ་དང་ཚ་བ་རྒྱས་དྲག་པའི་སྐབས་འདི་དག་ལ། ཆེས་མཆོག་ཏུ་གྱུར་བའི་ལོངས་སྤྱོད་ཅིག་ཡོད་པ་དེ། ཆུ་ལ་རྩེ་བ་དེ་ཡིན་མོད། རུ་ཁུག་ལུང་ཁུག་ན་འཚོ་བཞིན་པའི་ཁོ་བོའི་ཉེ་འཁོར་དུ་ཆུ་ལ་རྩེ་རུ་འགྲོ་ས་ལེགས་པོ་ཞིག་ཀྱང་མི་འདུག་པས་བྱ་ཐབས་ཟད་དེ། རྔུལ་ཆུས་ཕྱི་ནང་བརླན་ནས་བསྡད་ཡོད། གྲོང་ཁྱེར་ཆེ་ས་དག་ན་ཚད་ལྡན་གྱི་ཆུ་རྫིང་མཆོག་ཏུ་གྱུར་བ་དེ་འདྲ་མང་བོ་མཆིས་ནའང་། ནད་ཡམས་ལ་སྐྲག་ཏེ། དེ་དག་ཏུ་འགྲོ་བར་མི་ཕོད། དེ་ནི་འཚིག་ཇ་ཞིག་གསོལ་ཞོར་དུ་གཡའ་དག་པའི་ནམ་མཁའ་ན་སྤྲིན་པའི་ལུག་ཁྱི་ཞིག་གཤར་བཞིན་པའི་རྣམ་པ་སྙིང་དུ་སྡུག་པ་དེ་ཉམས་སུ་མྱོང་ནས་བསྡད་ཡོད། མཐའ་ཡས་པའི་ནམ་མཁར་ཞིབ་ཏུ་ལྟ་ཐེངས་རེར་རང་བྱུང་སྣོད་བཅུད་ལ་མཚར་སྣང་སྐྱེས་ཡོང་། ཁོ་བོ་ནི་གང་ཞིག་ལ་ཡོད་དམ། ཁོ་བོའི་མི་མཐོང་བའི་གནས་སུ་འཇིག་རྟེན་གྱི་གསང་བ་ག་ཚོད་ཡོད་དམ། ཞིང་བྱེ་བ་ཕྲག་བརྒྱ་ཞེས་པ་དེ། གནས་གང་ཞིག་ཏུ་ཡོད་དམ། ཡང་ན་སྐར་མ་རེ་རེ་ནི། གོ་ལ་རེ་རེ་ཡིན་ན། སྐད་ཚོགས་གྲངས་ཀྱིས་མི་ཟིན་པ་དེ་ཉིད། གོ་ལ་གྲངས་ཀྱིས་མི་ཟིན་པ་ཞིག་ཡིན་ངེས་པས། གོ་ལ་གཞན་དེ་དག་གི་སྣོད་བཅུད་དག་ཀྱང་ཇི་འདྲ་ཞིག་ཡིན་སྲིད་དམ་སྙམ་ཏེ། དྲི་བ་འཁྱམ་པོ་མང་བོ་ཞིག གློ་བུར་གློ་བར་དུ་སེམས་ངོར་མཆོང་ཡོང་། དེ་ལྟར་སྟོང་ཁམས་ཆེན་མོའི་རྒྱ་ཁྱོན་དེ་ཡིད་དུ་བྱས་པ་ན། རང་ཉིད་དང་། ཡང་ན་མིའི་རིགས་ནི། གྲོག་མ་ཞིག་དང་འདྲ་བར་ཇི་འདྲའི་ཉམ་ཆུང་བ་ལ་བསམ་པ་དང་། ང་ཚོའི་འགྲོ་འཆག་ཉལ་འདུག་གི་འདུ་བྱེད་ཚང་མ་ཡང་གྲོག་མའི་འདུར་རྒྱུག་གི་འཚོ་བ་དེ་དང་འདྲ་བོ་འདུག་པས། ཇི་འདྲའི་གླེང་རིན་མེད་པ་ལྟ་བུ་ཞིག་རེད་དོ་སྙམ་དུ་དྲན་པའི་དུས་དེར། སྔར་ཚ་བས་གཙེས་ཏེ། ཆུ་ལ་མཆོང་འདོད་ཀྱི་རྣམ་རྟོག་མང་བོ་ཞིག་རྒྱུ་བཞིན་པ་དེ་ཡང་རེ་ཞིག་ཞི་འཇགས་སུ་སོང་ཚར་འདུག་གོ།།


发布     👍 0 举报 写留言 🖊   
✋热门推荐
  • #肖战最好的你# xz #肖战我喜欢你# [微风]迎风奔跑的少年你就是我追逐最亮的那颗星肖战╭──── ♡⃛ Lᵒᵛᵉᵧₒᵤ ♡────╮ 让清风带走你的
  • 方案最受关注的一条是:租房者可享受包括教育等在内的社会公共服务“红利”。【合肥在线对话安徽高考文科状元潘宇昂:学霸是这样炼成的!
  • #“弘扬传统文化,聆听民乐之声”——陈家祠内即将奏响2021新年音乐会#为了进一步推动广州历史名城建设,擦亮广州文化名片,推动广东优秀传统文化的繁荣发展,以文旅
  • 真的太好吃了,我身边的同事和朋友都赞不绝口,营养健康好美味!真的太好吃了,我身边的同事和朋友都赞不绝口,营养健康好美味!
  • 有一次,王菲坦白:“其实上帝吝啬的很,他给予每一个人的东西都是有限的。很多人只看到了我成功的一面,不知道我也有自卑的时候,也有过失落的岁月。
  • #说唱新世代[超话]##鱼翅fin[超话]##30天鱼翅安利计划# 那 当 然 是!!《我是我最后的目击者》!!U1s1 总监的词是我见过目前写的最好的(
  • 銆?绫婚鐗╀繚鍏诲叧鑺傘€戔憼娣辨捣楸煎拰鏌戞绛夋姉鐐庨鐗┿€傗憽鑺掓灉鍜岀寱鐚存绛夋姉姘у寲椋熺墿锛氬鎶楄嚜鐢卞熀锛屽噺杞诲叧鑺傝礋鑽枫€傗憿鍗峰績
  • 乃曰:欲报佛恩,无过流通大教。宗门深奥,酌度胸襟,粗餐易饱,细嚼难饥,根本差殊,良由自错,虚劳一报。
  • 跟他说我来云野拐人的,老头还跳了崖。聊了会又换回了老头,我就在哪里给她做那个喜欢的动作。
  • 为什么会做这个决定,因为我们不希望大家因为超前消费去欠钱,这在风水上来讲,也是不太吉利的。已经成为了我生活重要的一件事情,如果让我放弃运动,太难过了!
  • 日行一善,带着善,给需要要帮助的人做力所能及的事。努力成为一个干净的人,尽一切努力向前迈进。
  • #周震南[超话]##周震南 钻石男孩# 差人‼️‼️差人‼️‼️差人‼️‼️‼️ 只剩七天,刚好够签到‼️偶像星饭团还差300多人啊‼️1000奶粉qian就
  • 要看破三界,领悟人生均属无性,三界都是没有性的,是色空境界。就是只有当你不趣入,不对这三界存有想法,什么样的境界都能解脱。
  • 为使规划方案更加科学合理,会议提出了规划要加强与城市总体规划、街区控规、地下空间及人防等上位和相关规划的衔接;从构建绿色交通系统出发,加强重点地区停车解决方案的
  • #泾常来玩# “决胜全面小康,聚焦美丽泾县”新闻行动,12月15日在泾县智慧旅游中心启动,来自新华网,中央人民广播电台央广网,安徽日报,新安晚报,安徽经济报,安
  • 郑州做鼻部综合/自然鼻/小翘鼻的专家/南京垫鼻尖/鼻头整形/驼峰鼻矫正哪些做靠谱/ 技术 效果 好 贵不贵 推荐下#全国地区做鼻子哪家正规医院医生案例比较好都可
  • 原因之一,是《论语》已经渗入我们的文化,特别是语言,它的影响早巳不依赖独立的文本;原因之二,是《论语》与现代生活的距离是遥远的,有时我们觉得《论语》中的命题和论
  • 走在街上,突然被陈冠希先生的《I Never Told You》这首歌抓住耳朵绑住身体,驻足聆听的同时拿出手机录音,脑海中浮现出高中时代种种,那是第一次听到这首
  • 为什么这些学佛人穷?就因为他不做这件事,所以就一生比一生穷!
  • #摩登兄弟[超话]# #刘宇宁第一次手写童话# 摩登兄弟☆ ☆ 刘宇宁 ☆ ┄┄┄.╰------------------╮.   无数次的询问着驿动的心