ཀ་པ་ལ་ཐོག་སྐྲ་ལོ་དཀར་པོ་མགྲོན་ལ་ཕེབས་བྱུང་། །
ཁ་ཡི་ནང་ནས་རུས་སོ་འགའ་རེ་ཇག་ལ་ཤོར་ཐོས། །
ག་གལ་ངང་དུ་བདག་གི་མི་ཚེ་རྫོགས་པ་མཐོང་དུས། །
ང་ཡི་སེམས་ཁམས་རླུང་གིས་ཁུར་བ་སྐྱོ་གར་ངོ་མ། །

ཅ་ཅོ་ཆེ་བ་འཁོར་བའི་གྲོང་ནས་ཨེ་ཐར་སྙམ་ཞིང་། །
ཆ་ལུགས་བསྒྱུར་ཞིང་ཆོས་ལ་བསླབས་ཀྱང་ཆོས་ནི་མ་ཤེས། །
ཇ་ཆང་ལ་སོགས་འཁོར་བའི་ཕུན་ཚོགས་ཡིད་ལ་འཆར་བ། །
ཉ་མོ་ཆུ་ནང་ལྕགས་ཀྱུས་ཟིན་པ་སྐྱོ་གར་ངོ་མ། །

ཏ་ལེ་འདི་འདྲ་མི་ལུས་རིན་ཆེན་རིན་མེད་ཤོར་དུས། །
ཐ་མར་ཉལ་སར་ལང་མ་ཤེས་པའི་འཚོ་བ་འདི་ཡི། །
ད་ལྟ་སློབ་པའི་ཤེས་བྱའི་དོན་ནི་དོ་ནུབ་རྗེད་ནས། །
ན་རག་ཡུལ་དུ་འགྲོ་དགོས་ཐུག་པ་སྐྱོ་གར་ངོ་མ། །

པ་ཏྲ་འཁྱིལ་འདྲའི་འཇིག་རྟེན་ཁྲ་ཁྲ་འཇིག་པའི་ཡུལ་འདིར། །
ཕ་ཡུལ་སྤང་ནས་དགོན་པར་བྲོས་ཀྱང་ཆོས་གཅིག་མ་འགྲུབ། །
བ་ཉལ་མཛོ་གྲོད་གཉིད་ཀྱི་ངང་དུ་མི་ཚེ་རྫོགས་པ། །
མ་གདན་རྨག་གཞི་ཤིན་ཏུ་ཞན་པ་སྐྱོ་གར་ངོ་མ། །

ཙ་བྱཱ་བཞིན་དུ་འཁོར་བར་དཀྲི་ཞིང་ཆོས་ལམ་ཤོར་ཐོས། །
ཚ་ཁར་ཚད་ནས་མདའ་མོ་འཕངས་ཡང་ཉོན་མོང་མ་སོད། །
ཛ་གད་སོགས་ཀྱི་ཚོགས་འཁོར་བསྐོར་ཡང་དངོས་གྲུབ་མ་ལོན། །
ཝ་ལེ་ང་ཡིས་ལས་དབང་འདི་ནི་སྐྱོ་གར་ངོ་མ། །

ཞ་ཆག་ཤོར་བའི་བདག་གི་མདུན་ལམ་འདིར་བཞིན་རྫོགས་པ། །
ཟ་བྱེད་ཆེན་པོ་སྲིན་པོས་མཐོང་ཀྱང་སྙིང་ཞིག་ལོས་རྗེ། །
འ་ཡོ་ཇི་འཞིན་ཕྱོགས་ཀུན་མཁྱམ་ཀྱང་ཅི་ཡང་མ་འགྲུབ། །
ཡ་ཁོག་སེམས་ཀྱི་གནས་ལུགས་མ་ཤེས་སྐྱོ་གར་ངོ་མ། །

ར་གཏུགས་མཛད་པའི་བླ་མའི་གདམས་ངག་སེམས་ནས་རྗེད་རྗེས། །
ལ་བ་དམར་པོ་ཚོས་ཁ་ལོག་ཀྱང་སེམས་ཁམས་མ་ལོག །
ཤ་ཁ་ལྟ་བུའི་བདག་གི་སེམས་འདི་ནམ་ཞིག་འགྱུར་ཨང་། །
ས་མྱི་བཞིན་དུ་ནུས་མེད་གྱུར་པ་སྐྱོ་གར་ངོ་མ། །

ཨ་ཉོག་དུས་ནས་ཆོས་དང་འཕྲད་པ་ལེ་ལོས་འཕྲོད་ཤོར། །
ཧ་ཅང་བཟང་བའི་བླ་མ་མཇལ་ཡང་གདམས་ངས་རྗེད་ཟིན། །
ཨ་བུའི་མི་ཚེ་སྤྲོ་བས་མ་རྫོགས་འཇིགས་པས་རྫོགས་པ། །
ཧ་ལ་ཤོར་བའི་ཚོང་པ་ནང་བཞིན་སྐྱོ་གར་ངོ་མ། །

ང་རང་ནི་ནམ་རྒྱུན་ཕུགས་བསམ་ཆེན་པོ་དང་དྭངས་རྩེ་མེད་པའི་མི་ཐ་ཤུལ་བ་ཞིག་ཡིན་པ་ཤེས་ཡིན་ན་ཡང་རང་གི་བྱ་བཞག་དང་རང་གི་འགན་ཁྲི་དག་གདོང་ལེན་བྱེད་པ་ནི་ཕུགས་འདུན་ཆུང་བ་དེ་ཡིན།

རང་ལ་ཕུགས་འདུན་ཆུང་ཆུང་དེ་མ་གཏོགས་མེད་ཀྱང་གཞན་གྱིས་ང་ལ་མཐོང་ཆུང་དང་འཕྱ་སྨོད་སོགས་བྱེད་བསམ་ནས་སྐྲག་གིན་མི་འདུག་དེ་མིན་ཕུགས་འདུན་གང་ཡང་མེད་པའི་མི་ཞིག་ལ་ལྟོས་ན་ང་རང་གི་ཕུགས་འདུན་ཆུང་ངུ་དེ་ཡང་ནམ་ཞིག་ན་ཡར་རྒྱུས་གོང་འཕེལ་དུ་འགྲོ་སྲིད་སྙམ་ནས་སེམས་དགའ་འོས་པའི་གནས་ཚུལ་ཞིག་ཀྱང་རེད་སྙམ།  ང་རང་ནམ་རྒྱུན་ཕུགས་བསམ་གྱི་ཆེད་དུ་གསོན།།
                                
                                          ༼༢༠༢༠ཟླ་བ་༤ཚེས༢༨ཉིན་བྲིས།༽

རི་འདིའི་ཕར་ནང་དུ་རུ་སྡེ་གཞན་པ་ཞིག་ཡོད་ལ། །
འཇའ་འདིའི་སྣེ་གཉིས་ཀྱང་དེ་ཡི་ཕྱོགས་ཤིག་ལ་ཟུག་འདུག །
ན་རྐོང་ཐམས་ཅད་དུ་ཆར་ཆུས་གང་སྟེ་ཡང་འཕོའོ། །
བྱིས་པ་སྐོར་ཞིག་གིས་འཇའ་ཚོན་བདའ་བཞིན་ཡང་ཡོད་སྲིད། །
ཁ་ཆུ་སར་དྲུད་ཀྱི་ལུག་གིས་སྤྲུགས་རྡེབ་འགའ་བྱས་སོ། །
ཆར་རྡུལ་ཡང་རྡུལ་ནི་ཁད་ཀྱིས་ས་གཞི་རུ་ཐོར་ཐལ། །
དེ་དང་མི་རིང་བའི་ས་རུ་ལ་ལོ་འགའ་འདུས་བས། །
རྟ་ཕོ་ཁམ་པ་ཞིག་རྩེད་སྐོར་སྟེག་བཞིན་དུ་མཐར་རྒྱུགས། །
གྲིབ་ཆེན་ལྷུང་འདྲ་ཡི་ནོར་ཁྱུས་མཐའ་ཞོགས་ཀྱང་བརྒྱབ་བོ། །
སྤྲིན་དཀར་ལྷུང་འདྲ་ཡི་ལུག་ཁྱུ་སྤྲིན་དཀར་ལ་འདྲེས་སོ། །


发布     👍 0 举报 写留言 🖊   
✋热门推荐
  • 第三,在骑行的过程中要创作,都是音乐人,看几位哥哥出行都带着吉他就能发现,音乐对他们来说,就是生活的一部分。而保障弟弟是会改变的,后面看预告是林峯和潘玮柏来参加
  • おすすめメニューには、旬のお魚を堪能できる「若にぎり」をはじめ、「寿司屋でもおいしい肉を」をコンセプトに提供される「鹿児島県産黒毛和牛ステーキ」などがあります。
  • 12.一个安静的人,一般都是极具实力的,如果不是胸怀大才,那就是生长在富贵显赫之家(所以在别人争论的时候,他懒得理)。5.你之所以可以看透某些人,很多时候是因为
  • [微笑][微笑][微笑])最近现生忙的要死,想着glz可靠,家里应该一片和谐,真没想到到今天了还能有这种不理智的。[微笑][微笑]glz不是神,他们不能未卜先知
  • 广州雅居乐花园 雅湖居,刚放出一套别墅141方,花园100方,仅售650万!项目主推:18㎡-3954㎡商铺,租金:80元/㎡起。
  • 福派 拜尔 力博得 usmile 飞利浦 飞科 奥克斯 千山 罗曼 舒克舒客的 softie 铂瑞 素士 电动牙刷28~~~~~真正的爱情需要等待,那是谁都可以
  • 凉粉:这家店墙裂安利给大家,“荆州小甜粥”虽说名字取得不咋地,但是他们家的凉粉是我吃过的最好吃,最多料,最惊艳的凉粉。#厦门约拍[超话]##泉州约拍[超话]##
  • 【佑途C2L行车记录仪】 转+关,抽三位送价值199元的车载吸尘器(图8) 我是一个特别不爱开车的人,一让我开车我就犯愁,总结来说还是开车让我没有安全感,要
  • 【¥49 】徐福记 混合口味福虎鸿运礼盒1.369kg 年货礼盒 沙琪玛棉花糖果冻休闲零食 过年送礼 新年送礼 囤货 徐福记官方直销 年货好礼 六种口味
  • 漯河的“光芒”不仅只有食品除了传统的食品产业优势,漯河还迎来了战略新机遇。漯河的“光芒”不仅只有食品,区位优势也是漯河持续发力的“法宝”。
  • #姚琛[超话]# yc#姚琛廿四心存火热琛不可测# 8️⃣:3️⃣0️⃣据总结tmea夜闹首秀BV1zZ4y197ez一夜涨幅3️⃣3️⃣2️⃣瓶论 弹木 分想
  •   而当中最令他印象深刻的事,是当年有一名日本大企业家直接联系了我,欲向品牌订购数百只陀飞轮腕表,但由于当时中川辉先生已是品牌的日本总代理,我坚持必须尊重他,全
  • ” 苏安黛面无表情的站在门后听着外面几个女人肆无忌惮的议论,谁能想到,两个小时前,这个身体换了芯子?” 苏安黛面无表情的站在门后听着外面几个女人肆无忌惮的议论,
  • 昨晚十二点前我就睡了,睡一半小妞儿忽然开灯,说小金同志打电话找我,但是我睡前把流量关了,没有一点动静,我想着那么晚了打电话不会真出什么事吧,脑袋还迷迷糊糊的也回
  • 【27日23时起,西安高风险区有调整】根据国家《新型冠状病毒肺炎防控方案(第九版)》《关于进一步优化新冠肺炎疫情防控措施科学精准做好防控工作的通知》及《新冠肺炎
  • 面对民警的进一步调查了解,这名销售人员解释说,他们原本是答应这位报警人退款的,但是由于市场监管部门将已经售出的酒拿去进行检测,所以他们无法将这批酒退还到厂家,因
  •  从此之后,马老居士对生灵感应之事更加笃信无疑,几十年来无论在运城还是宜昌跟随亲人生活,她都坚持放生长久不懈,即使在家里,她也坚持每天在门外放几把白米饭,去施济
  • 夸夸天使小猫喵呜1⃣️早上对象起床会跟他打招呼,对象没回应,他会继续喵喵,直到对象回应[doge]2⃣️自己跑到阳台玩耍,我叫他名字,他会吭哧吭哧跑回来3⃣️我
  • 于俺而言,能与父母、小孩相处,就目前的境况来说,就是最大的福了[可爱]《地藏菩萨本愿经》阎浮众生业感品第四 有言:“ 四天王,地藏菩萨若遇杀生者,说宿殃短命报
  • 原因是和一个朋友同时出现了记忆缺失,时常发出“诶我昨天在哪”“诶我昨晚吃了啥”的疑问,另外又十分特别羡慕另一些朋友过着规律充实积极向上的生活。 ​​​2022澳