ཟིལ་དཀར་དགོན་པའི་རླངས་འཁོར་ཟི་ལིང་ལ་འགྲོ་གི་ཡོད་པས་གླ་ཆ་མི་རེ་ལ་སྒོར་150ཡིན་ཟེར།
赛康寺的班车后天要去西宁
一个人付钱150
ཐུབ་བསྟན་གསུང་རབ་ཀྱི་ཁ་པར་ཨང་གྲངས།
༡༨༨༩༧༢༦༢༡༣༦
ངག་དབང་བརྩོན་འགྲུས་ཀྱི་ཁ་པར་ཨང་གྲངས།
༡༨༨༩༧༢༧༩༥༣༣
土丁桑仁
联系方式
18897262136
昂旺宗周
联系方式
18897279533

ཀྱེ་མ་ཀྱེ་ཧུད།

སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུས་སུ། །
ཕ་གཅིག་པདྨ་འབྱུང་གནས་ཡབ་ཡུམ་དེ་མཁྱེན་ནོ། །
བསོད་ཟད་ལས་ངན་དྲག་པོའི་རླུང་ཤུགས་ཀྱིས་འཁྱེར་ཏེ། །
མགོན་མེད་ཉམ་ཐག་གྱུར་པའི་སློབ་འབངས་ལ་གཟིགས་དང་། །

སྤྱི་བོ་བདེ་ཆེན་འཁོར་ལོའི་གཙུག་རྒྱན་དུ་བཞུགས་པའི། །
ཁྲག་འཐུང་བདུད་འཇོམས་གླིང་པ་ཡབ་སྲས་དེ་མཁྱེན་ནོ། །
ཁོང་པའི་སྙིང་དང་འདྲ་བའི་སྐྱབས་གནས་ཀྱིས་བོར་ནས། །
འདི་ཕྱིའི་རེ་བ་སྟོར་བའི་རྗེས་འཇུག་ལ་གཟིགས་དང་། །

སྐྱབས་གཅིག་པདྨ་བཞད་པའི་ངོ་མཚར་གྱི་བཀོད་པ། །
ད་ལྟ་མིག་གི་དབང་པོའི་སྤྱོད་ཡུལ་ལས་འདས་ཏེ། །
གསུང་སྙན་རྣ་བར་ཐོས་པའི་སྐལ་བཟང་ཡང་མེད་པས། །
དབང་པོ་སྒོ་ལྔ་འཛོམས་པའི་དོན་གོ་ཡང་སྟོར་སོང་། །

དམུ་རྒོད་གློ་བ་རེངས་པའི་སྙིགས་དུས་ཀྱི་སེམས་ཅན། །
མ་དད་ལོག་རྟོག་དྲི་མས་ཕྱི་ནང་ཀུན་སྒྲིབ་ཀྱང་། །
སྤྱོད་ངན་བུ་ཚ་བྱམས་པའི་ཕ་མ་ཡིས་སྐྱོང་ལྟར། །
ཐུགས་རྗེའི་གཏེར་ཆེན་ཁྱེད་ལ་མི་རེ་ནི་ཀ་མེད། །

ཀ་དག་ཆོས་སྐུའི་ཀློང་ནས་འགག་མེད་ཀྱི་གཟུགས་སྐུར། །
སེམས་ཀྱི་སྐད་ཅིག་གཅིག་ལ་གཞིར་བཞེངས་སུ་མཛད་ནས། །
མ་ལུས་འགྲོ་བའི་ཁམས་རྣམས་སྨིན་གྲོལ་དུ་མཛད་པའི། །
སྤྲུལ་པའི་ཉི་གཞོན་གསར་པ་ཐོགས་མེད་དུ་བྱོན་ཤོག །

ཨེ་ཀ་ཛ་ཏི་ལ་སོགས་དམ་ལྡན་གྱི་སྲུང་མ། །
ད་ནི་ལེ་ལོ་བཏང་སྙོམས་ཅུང་ཟད་ཀྱང་མེད་པར། །
སྔོན་ནས་བསུ་ཞིང་རྒྱབ་ནས་སྐྱེལ་མ་ཞིག་མཛད་དེ། །
མི་ཡི་ཉི་མ་ཞིང་འདིར་གདན་འདྲེན་ལ་ཕེབས་ཤིག །

བསྟན་འགྲོའི་མགོན་དཔུང་མཚུངས་མེད་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྤྲུལ་པདྨ་བཞད་པ་གང་ཉིད་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་དེ་ནི་བསམ་ཡུལ་ལས་འདས། འདྲེན་མཆོག་གང་ཉིད་སྐུ་ན་གཞོན་ནུར་གྱུར་ཀྱང་གངས་ཅན་ལྗོངས་དང་། རྒྱ་བལ་འབྲུག་གསུམ་སོགས་སུ་བསྟན་འགྲོའི་དོན་དཔག་མེད་མཛད་ཅིང་། སྙིགས་དུས་ཀྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་བླ་མར་བསྟེན། སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་ཚུལ་བཞིན་དུ་བསྐྱངས་ནས། བོད་བརྒྱུད་ནང་བསྟན་སྤྱི་དང་། བྱེ་བྲག་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས། ལྷག་པར་བདུད་འཇོམས་ཀྱི་གཏེར་རྒྱུན་འཛིན་པ་རྣམས་ཀྱི་འདྲེན་པ་ཆེན་པོར་འགྱུར་བར་ངེས་མོད། དུས་ངན་སྙིགས་མར་གྱུར་པ་དང་། གདུལ་བྱའི་བསོད་ནམས་དམན་པའི་སྟོབས་ཀྱིས་བཻཌཱུརྱའི་བུམ་པ་ལག་ནས་ཤོར་བ་ལྟ་བུར་གྱུར་ཀྱང་། རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དུས་ལས་མི་གཡོལ་བ་ཡིན་པས། རང་གཞན་ཐམས་ཅད་ཀྱིས་གདུང་ཤུགས་དྲག་པོས་ཡང་སྲིད་སྤྲུལ་པའི་སྐུ་རྩོད་མེད་ཅིག་གནམ་ནས་བྱ་འབབ་པ་ལྟར་འབྱོན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་གལ་ཆེའོ། །གོང་གི་གསོལ་འདེབས་འདི་ཡང་སུད་སི་ནམ་མཁའ་རིན་པོ་ཆེས་གདུང་ཤུགས་ཀྱིས་བསྐུལ་མ་མཛད་པ་དང་། རང་ངོས་ནས་ཀྱང་དད་འདུན་རྩེ་གཅིག་པས་གསོལ་བ་བཏབ་པ་ཡིན་ནོ། །

དཔལ་ཀརྨ་པའི་མཚན་འཛིན། ཨོ་རྒྱན་ཕྲིན་ལས་སུ་འབོད་པས་སྤྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༩ ལ་ཕུལ།

Message from His Holiness Gyalwang Karmapa Ogyen Trinley Dorje on the Parinirvana of His Holiness Dudjom Rinpoche Sangye Pema Zhepa

发布     👍 0 举报 写留言 🖊   
✋热门推荐
  • #比特币大饼[超话]#金九银十送钱行情,你套的空单还好吗? 金九银十果真没让人失望,以太就一路疯涨,说是无脑多送钱真的不过分,这一路暴涨相信胆大的朋友早已盆满
  • 莫莉乘车去团部拉医疗物资,顺道接男友郭东海的国际长途电话,一同去团部找高团长要卷扬机的沐建峰偶然在总机房看到了因和美国男友吵架而抽泣的莫莉。今天老公一起工作多年
  • ☕️中医针灸外治减肥的九大优势:第一 先调理身体再减体重。安全有效简单方便,不吃药,中医外治脐疗特色疗法在鼻炎腺样体肥大,扁桃体肥大等问题方面优势很大,几年来已
  • 廊坊园林绿化景观行业迎来发展新机遇通过对园林绿化植物的整合与拓展,完毕了多元化、颜色化、个性化的环境需求,还能从根柢中表现绿化技术对城市翻开的积极意义,然后行进
  • 作为读者的我们,以上帝视角看着这个故事,仿佛对身边世界的荒诞也有了更多理解…… 后浪版《平面国》采用裸脊精装,可180°平摊,搭配15幅全新插图,并附插画师创作
  • 崔然竣 崔秀彬 崔杋圭 姜太显 休宁凯 档1 档2 档3 档4 档5 cyj crj csb cbg cfg kth jtx hnk xnk ​​​档人 档皮
  • _(:з」∠)_已玩:CA,CR,N9,VB,冷然的天秤, 百花百狼,灰姑娘的玻璃鞋,剑为君舞,尘沙惑,驭骨人,光与夜之恋,神秘信使,nameless 目前在
  • “驻村民辅警可以充分利用人熟、地熟、情况熟和在当地常住的优势,全方位收集‘微信息’”不仅拉近了与群众之间的距离,也确保了辖区平安!”刘焕说,他每天都给自己布置任
  • #英雄联盟s7##微信红包群#上海解放后,曾经的大亨黄金荣没有选择离开大陆,最终留了下来。1951年镇反[雪花]运动中,他被训诫,并被安排到大世界门口打扫卫生
  • 也不知道开瓶有效期是多久,反正开了一年多了效果还是好得很 [笑cry]这是用过的第二瓶60ml。不是所有的言论都需要别人理解,不是所有的选择都需要别人支持;你若
  • 想要得到就努力少点幻幻想,多点实力,与其其一天到晚瞎幻想不如静下来去做你该做的事,你若优秀,自然都会被你吸引而来。#马克思主义哲学性质[超话]##马克思主义哲理
  • 【面对面访民情】为推进辖区平安建设工作,连日来,河南省浚县公安局王庄派出所组织民警深入辖区村庄,通过走访群众,面对面交流座谈,倾听群众心声,了解群众诉求,及时掌
  • 这样的人的文学艺术是最浸润人心、教化世间的文艺。这是爱的回应与平衡,这自然是天道。
  • 不过,你也许不知道,刘亦菲竟然有一个大七岁的同学,她是江一燕,是演员、歌手、作家的组合,两人同时毕业于北京电影学院。如今的江一燕已不再是当初的青涩,她的作品充满
  • 刚刚微信突然跳出一个界面我点进去都没反应过来一步一步点下去九价就预约成功了,我一直以为我要等到25岁买黄牛呢[允悲]从小到大都很好运的我一直怀有感恩之心而且把心
  • 古镇不大,慢慢逛一天也够了,但是我很喜欢这里的感觉,要我住一个月我都愿意,古街沿街卖的都是当地特色的物品,比如铜器,手工扎染或者刺绣的布(我买了刺绣包包,可惜被
  •  3、迪巧小儿碳酸钙D3+ K2颗粒产品粒径均较小  补充:孩子日常饮食中可以摄入一定量钙了,大家可以参考常见食品的钙含量如下表:虽然《扫黑风暴》 的热播可以说
  • 现实生活中,许多人总以一个侧面来判断自己对一个人的感情到底是不是爱,所以在未来这些人就会失望,就会觉得对方变了,怎么不是心中那个完美的她了,但其实这些不完美的地
  • 我们的一生人海茫茫,太多的遇见让我们无瑕记心上。虽然他刚刚心小额投资理财公司,中有一股冲动,但他也并不网上小额投资与理财平台生活不会永远如履平地,顺水行舟,毫无
  • #任嘉伦[超话]#[心]#任嘉伦周生辰#[心]#任嘉伦周生如故#I have gone through countless spring, summer, au