བཀྲ༵་ཤིས༵་ཚེ་ལ་མངའ་བརྙེས་རིག་༵པ་འཛིན༵།།
གཞན་སྣང་དབང༵་འདུས་༵སྟོབས༵་དང་གཟི་བརྗིད་དཔལ།།
ཡོངས་རྫོགས་མི་མཐུན་གཡུལ་ལས་རྣམ་རྒྱལ༵་བའི།།
ཤཀཱ་ཐུབ་པད་འབྱུང་བླ་མས་ཆོས་གྲོགས་ཟུང་།།
བསྟན་དང་འགྲོ་བའི་དཔལ་དུ་མགོན་གྱུར་ཅིག།
རང་དགོན་གྱི་ཆོས་གྲོགས་བཀྲ་ཤིས་དབང་འདུས་དང་། རིག་འཛིན་སྟོབས་རྒྱལ་རྣམས་གཉིས་རྒྱུད་སྡེ་ཆེད་སྦྱོང་འཛིན་གྲྭ་མཐར་ཕྱིན་ཡོང་བ་ལ་སྙིང་ནས་ཡི་རང་དང་བཅས་གུ་རུ་ཉི་མས་སོ། 2022 6 18

ཡོངས་འཛིན་བློ་བཟང་དཔལ་བས
“མིང་ལ་དགེ་རྒན། དོན་ལ་སྡིག་རྒན། སྦལ་བ་རྨ་ཅན་ཉམ་རུལ་དུ་གཏོང་མཁན། ཅི་ཙམ་འགྲོགས་ཀྱང་ཡར་སྐྱེད་མི་ཐོབ་པ་དེ་འདྲ་ལ་མ་འཕྲད་པ་གལ་ཆེ”
“མིང་ལ་དགེ་རྒན། དོན་ལ་སྡིག་རྒན། སྦལ་བ་རྨ་ཅན་ཉམ་རུལ་དུ་གཏོང་མཁན། ཅི་ཙམ་འགྲོགས་ཀྱང་ཡར་སྐྱེད་མི་ཐོབ་པ་དེ་འདྲ་ལ་མ་འཕྲད་པ་གལ་ཆེ”
དེ་རིང་ཁོ་བོས་སྤྱོད་ལམ་བཞི་ཤོང་གི་གྲྭ་ཤག་ཆུང་ཆུང་འདིར་ཇ་དམར་ཞིག་གི་བྲོ་བ་མྱོང་ཞོར་སོས་དལ་ངང་ལྷང་འཇགས་ལ་རོལ་ཡོད། ཕོ་ལོ་བཞི་བཅུའི་མི་ཚེའི་ཟློས་གར་ལ་ལྡེབས་ནས་ཅི་ཞིག་རྙེད་པ་མ་ཚོར་ལ་གང་ཞིག་བོར་བའང་མ་ཤེས། ད་ནི་ཞི་འཇམ་གྱི་སྡོད་གནས་འདི་ན་ཡང་སྙིང་གི་འཚོ་བ་ཞིག་རོལ་བར་བྱ། དེ་ནི་ནང་སེམས་གུ་ཡངས་ཀྱིས་བྱིལ་བྱིལ་གཏོང་བའི་དབེན་ཁྲོད་ཀྱི་འཚོ་བ་གནད་མ་དེའོ།།༢༠༢༢•༦•༢༠•_________•སྨིན།
✋热门推荐