རང་སེམས་གསོ་བའི་གཞས།

སྨུག་པོ་ལྡོང་གི་ཤ་རྩི་ཅན།།
བགྲེས་ཀྱིན་བགྲེས་ཀྱིས་ཨེ་ཡག་འདྲ།།
བགྲེས་ནས་ཡག་པ་མ་ཡིན་དེ།།
སེམས་ཉིད་དྭངས་བས་ཨེ་ཡིན་སྙམ།།

མིན་ན་ལག་གི་མེས་ཏོའི་ལ།།
སྙད་ཅིག་ཞུགས་ནས་ལོ་ཟླའི་གཡའ།།
དྲི་མེད་ནམ་མཁའ་ལྟ་བུར་བཏང་།།
ཡང་ན་རིག་པ་རང་བྱུང་གིས།།
བགྲེས་རྒུད་དག་ཀྱང་མེད་པར་བྱས།།

༢༩༢༠/༨/༡༩ ཕ་ཡུལ་ནས།

ཕྱི་ལོ་༢༠༢༠ལོར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཉིན་དགུའི་རིང་ལ་དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་འཁྲིད་སྐབས་ཀྱི་ལེགས་བཤད་གཅེས་བཏུས།

༡༽ མཐར་གཏུགས་ན་ནང་པ་སངས་རྒྱས་པ་སྐྱབས་སུ་འགྲོ་ས་ནི། ཐབས་ཤེས་གཉིས་པོ་འདི་རེད།
 
༢༽ ཐེག་པ་ཆེ་ཆུང་གང་གི་དབང་དུ་བྱས་ཀྱང་། འཁོར་བའི་རྩ་བ་ནི་མ་རིག་པ་ཡིན་པས། གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་ནི་ནང་པ་སངས་རྒྱས་པའི་སྙིང་པོ་ངོ་མ་རུ་ཆགས་ཡོད་པ་རེད།

༣༽ གལ་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དགྲ་ཞིག་ཡོད་ན། དེ་ནི་ཉོན་མོངས་ཡིན་པ་ལས། ཉོན་མོངས་རྒྱུད་ལྡན་གྱི་སེམས་ཅན་རྣམས་ནི་གཏན་ནས་མ་རེད།

༤༽ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནི། མེ་སྒྱོགས་དང་། དངུལ་སྒོར་སོགས་ཀྱིས་སྤེལ་བའི་ཆོས་ལུགས་ཤིག་མིན་པར། འབུ་སྲིན་ཙམ་ཡང་མི་གསོད་པའི་དགེ་སློང་རྣམས་ཀྱིས་རྒྱ་མཚོ་དང་རྒྱ་མཚོ་བརྒལ་ནས། སྐམ་ས་དང་སྐམ་ས་བརྒལ་ནས་འཛམ་གླིང་ལ་སྤེལ་བཞག་པའི་ཆོས་ལུགས་ཤིག་རེད།

༥༽ སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡུལ་ཕྲན་མཚོན་ཆ་ནི། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་ཡིན་ལ།  དེ་འདྲའི་ཤེས་རབ་ཀྱི་རྡུལ་ཕྲན་མཚོན་ཆ་དེས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་རྩ་མེད་དུ་གཏོར་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཀྱི་རེད།
༦༽ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁ་ལོ་སྒྱུར་ལུགས་ནི། ཁྲིམས་ལུགས་སོགས་ལ་མ་བསྟེན་པར་སློབ་གསོའི་སྒོ་ནས་ཁ་ལོ་བསྒྱུར་བ་དེ་རེད།

༧༽ དྲ་བ་ཞེས་པ་ནི་འདྲེ་དང་། བདུད་ཀྱི་ཆོ་འཕྲུལ་ལྟ་བུ་ཞིག་རེད་སྙམ་དུ་བསམ་མི་རིགས་ཏེ། དྲ་བ་ནི་སྒོར་མོ་བཞིན་ཡག་བཙོག་གང་དུ་བཀོལ་ནའང་ཆོག་པ་ཞིག་རེད།
༨༽ ང་རང་ངོས་ནས་ཉམས་མྱོང་ཞིག་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་ཐོས་བསམ་བྱས་ནས་ཕལ་ཆེར་མི་ལོ་བཞི་བཅུ་ཟིན་ལ་ཉེ་འདུག འོན་ཀྱང་། དེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་གཅིག་པུ་ལ་སློབ་སྦྱོང་བྱས་ནས་བསྡད་པ་ཞིག་མིན་པར། འཛམ་བུ་གླིང་གི་ཆོས་ལུགས་རྣམས་ཀྱིས་ཅི་ཞིག་ཟེར་གྱིན་ཡོད་པ་དང་། དེ་དག་གིས་རིགས་པ་ཅི་ཞིག་འགོད་ཀྱི་ཡོད་པའང་ཕྱོགས་ཙམ་ཧ་གོ། འཛམ་གླིང་ལ་ཚན་རིག་གི་རྣམ་བཞག་མང་པོ་ཞིག་ཡོད་པ་ལས། ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་དང་ཅུང་ཙམ་འབྲེལ་བ་ཡོད་པའི་བཤད་ཚུལ་རྣམས་དང་། དེའི་རྩ་བའི་རིགས་ལམ་རྣམས་ཀྱང་ཕྱོགས་ཙམ་ཧ་གོ། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་བསམ་བློ་དང་། དེ་དག་གི་བཤད་ལུགས་ཀྱང་འོལ་སྤྱི་ཙམ་ཞིག་གོ་ནས། ཕྱོགས་བསྡོམས་སམ་གཤིབ་བསྡུར་ཞིག་བྱེད་ཡོང་དུས། ད་གཟོད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ནི་ཆེས་ཁྱད་པར་དུ་འཕགས་པ་ཞིག་རེད་སྙམ་པའི་ངེས་ཤེས་གཏིང་ནས་སྐྱེ་ཡོང་གི་འདུག

༩༽ སྟོན་པ་སངས་རྒྱས་ཀྱི་ཆོས་འདི་ནི་ཚན་རིག་དང་། དམངས་གཙོ། འདྲ་མཉམ་སོགས་དང་མ་བསྒྲིགས་རང་འགྲིག་ཏུ་གྱུར་པར་མ་ཟད། དེ་དག་ལས་ཁྱད་པར་དུ་འཕགས་པ་ཞིག་ཀྱང་རེད།

༡༠༽ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་རྒྱ་ཆེན་པོ་ཞིག་སྤེལ་བསམས་ན། ངེས་པར་དུ་སྤེལ་ལུགས་སྣ་ཚོགས་ཤིག་ཤེས་དགོས།

༡༡༽ ལར་ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་སོགས་ཀྱི་ནང་དུའང་མི་འཚེ་བ་བཤད་པ་ཡོད་པ་རེད། འོན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་ལས་གསུངས་པའི་མི་འཚེ་བ་སྟེ། སེམས་ཅན་ཐམས་ཅད་ལ་མི་འཚེ་བ་ལྟ་བུ་ཞིག་གཏན་ནས་བཤད་ཡོད་མ་རེད།

༡༢༽ ལར་ཆོས་ལུགས་ཕལ་ཆེ་བ་ལ་ལེགས་པའི་ཆ་རེ་ཡོད་མོད། འོན་ཀྱང་། ཚེ་འདི་ཕྱི་གཉིས་དང་། རང་གཞན་གྱི་དོན་གཉིས། ལྟ་སྒོམ་སྤྱོད་གསུམ་བཅས་ཕྱོགས་ཡོངས་ནས་བལྟས་ན། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་འདྲ་ཞིག་གཏན་ནས་ཡོད་མ་རེད། དེས་ན། ང་ཚོ་བོད་མི་རིགས་འདི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དད་པ་བྱས་ནས་བསྡད་པ་ཡིན་ན། དེ་ལས་གཞན་པའི་ཆོས་ལུགས་ཤིག་ཅི་ཡང་མི་དགོས་ཀི། དེ་ཚང་མས་ཧ་གོ་དགོས།
༡༣༽ཡོན་ཏན་ཅན་ལ་གུས་བཀུར་བྱེད་པ་ནི། རང་ཉིད་ཀྱི་ཡོན་ཏན་ཡིན་པ་ལས། སྐྱོན་ཆ་ལར་ནས་མ་རེད།

༡༤༽ རྒྱུ་མཚན་ཤེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་དད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད།
 
ལེགས་བྱས་འདི་ཡིས་དཔལ་ལྡན་བླ་མ་མཆོག ། ཡུན་རིང་ཞབས་བརྟན་དགེ་འདུན་སྡེ་འཕེལ་ཞིང་། ། མཛད་པ་མཐར་ཕྱིན་སྐྱེ་རྒུའི་ཕན་བདེའི་དཔལ https://t.cn/RIoa7pt

༄༅།། མི་ཚེའི་ལེགས་བཤད་ཚན་པ་བཅུ།

སྒྱུར་བ་བོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།

༼༡༽
གཞན་གྱིས་བསྙོན་འཛུགས་མི་བཟོད་ན།།
བྱ་བ་གང་ཡང་འགྲུབ་མི་འགྱུར།།
བརྙས་བཅོས་ཅུང་ཡང་མི་བཟོད་ན།།
རང་བློ་སྦྱོང་བ་མ་ཐོན་རྟགས།།

༼༢༽
འབྱོར་བས་རེ་སྐོང་མི་ནུས་མིན།།
ཧམ་སེམས་ཁེངས་དུས་མེད་པ་ཡིན།།
གལ་ཏེ་སྲེད་པ་མཆེད་ན་ནི།།
འདོད་བྱ་རྣམས་ཀྱང་བརླག་པར་འགྱུར།།

༼༣༽
ཆོག་ཤེས་བསྟེན་ན་བདེ་བ་རྙེད།།
བརྐམ་ཆགས་ཆེ་བ་འཕུང་བར་ངེས།།
ཚུལ་མིན་ལས་བྱུང་ཕྱུག་པོ་ལས།།
གཙང་ཞིང་དག་པའི་དབུལ་བོ་དགའ།།

༼༤༽

མི་ཡི་བར་ཐག་ཉེ་ན་ཡང་།།
སེམས་བར་ལེ་དབར་སྟོང་གིས་ཆོད།།
ཐ་མལ་སྤྱོད་པ་བཟོད་ནུས་པ།།
དེ་ནི་སྐྱེས་བུ་དམ་པར་འགྱུར།།

༼༥༽
གཟིག་ཤི་ལྤགས་པ་ཤུལ་དུ་འཇོག།
མི་ཤི་མཚན་སྙན་རྗེས་ནས་འཇོག།
སྐྱིད་ལ་ཆགས་ཅིང་བག་མེད་པ།།
མི་གཤིས་ཉམས་པའི་གཞི་རྩ་ཡིན།།

༼༦༽
མི་གཤིས་བཟང་ངན་རྒྱུ་ཡིས་བརྟག།
གསེར་གྱི་བཟང་ངན་མེ་ཡིས་བརྟག།
མ་བཅོས་བརྩེ་བ་རྟག་ཅིང་བརྟན།།
བཅོས་མ་ནམ་ཞིག་མངོན་པར་འགྱུར།།

༼༧༽
བསྟོད་པས་འབྲིད་པར་མི་ནུས་ཤིང་།།
ཁུངས་མེད་ཁ་མཆུར་སྙིང་མི་འཇིགས།།
འོན་གླེན་ལྟ་བུར་བརྫུ་མི་ནུས།།
དེ་ནི་གྱོས་སྒྱུག་བྱེད་མི་ནུས།།

༼༨༽
ཁྱིམ་ཚང་བསམ་པ་གཅིག་མཐུན་ན།།
གསེར་ཡང་ཉོ་བའི་སྒོར་མོ་རྙེད།།
བཟའ་ཚང་བསམ་པ་མི་མཐུན་ན།།
ཁབ་ཀྱང་ཉོ་བའི་སྒོར་མི་རྙེད།།

༼༩༽
གཞན་ལ་ཐོས་སུ་མི་འཇུག་ན།།
མ་བཤད་པ་ལས་བཟང་ཞིག་མེད།།
གཞན་ལ་ཤེས་སུ་མི་འཇུག་ན།།
མ་བྱས་པ་ལས་བཟང་ཞིག་མེད།།

༼༡༠༽

གཞན་གྱི་ཞེན་ལོག་མི་འདོད་ན།།
ཐོག་མར་རང་རྒྱུད་ལེགས་པར་སྦྱོང་།།
གཞན་གྱི་དོགས་པ་མི་འདོད་ན།།
ཐོག་མར་རང་གིས་ཡིད་རྟོན་སྲུང་།།

若干人生格言

(一)
受不得屈,做不得事。
不能忍诟,不足为人。


(二)
非无足财,是无足心。
如不知足,则失所欲。


(三)
知足则乐,务贪必忧。
与其浊富,宁此清贫。


(四)
人面咫尺,心隔千里。
能容小人,方成君子。


(五)
豹死留皮 ,人死留名。
游逸过乐,败德之源。


(六)
人用财试,金用火试。
真情常在,虚脾终败。


(七)
不诱于誉,不恐于诽。
不痴不聋,不成姑公。


(八)
家有一心,有钱买金。
家有二心,无钱买针。

(九)
欲人无闻,莫若无言。
欲人无知,莫若无为。


(十)
欲人勿恶,必先自美。
欲人无疑,必先自信。


发布     👍 0 举报 写留言 🖊   
✋热门推荐
  • 尹材赫还是尹材赫,他笑的很漂亮,蹲在滨田朝光旁边,点了支香烟缓缓地吐出一个很圆的烟圈说:“是好事,去了要多给我看那里漂亮的风景才行啊。 啊,阿光我到站了,聽日見
  • 我知道每个人都难,可是你们难,你们有所期待,有值得的事情、而我,有什么,身后空无一人,默默扛下所有的一切我从来不怪任何人,我只怪自己不努力,不好好奋斗,整天摆烂
  •   只要寻到他们,云家冤情就能得以昭雪,一切都会真相全文请到#公#众#号#〖益华文苑〗回个 云问筠 段漓,就行了哥要在在此立誓专升本要考到280分,我以前的生活
  • 电子日记240401 SKZ 4th FM Day3一些behind-背着狗包就被塞了狗吃饭卡 太可爱噜中午拍了礼节照-是哪个小女孩自己抽到了本命 站人群里d1
  • ”勺子递在钟琳月唇边,她张口咽了下去,看着吴妈:“对不起,吴妈,让你担心了。”勺子递在钟琳月唇边,她张口咽了下去,看着吴妈:“对不起,吴妈,让你担心了。
  • #刘宇宁天行健# | #刘宇宁卓不凡# | #摩登兄弟[超话]#刘宇宁卓不凡|刘宇宁天行健哥哥美得像朵花,我弹起心爱的土琵琶☪꯭᭄ꦿ꯭小丑女@摩登兄弟刘宇宁
  • 酒放豪肠,七分酿成了月光余下的三分啸成剑气绣口一吐就半个盛唐从一元到天宝,从洛阳到咸阳冠盖满途车骑的嚣闹不及千年后你的一首水晶绝句轻叩我额头当地一弹挑起的回音一
  • 我有很多了解他的空间[打call][打call][打call][打call][打call][打call]#韩圈扩关[超话]# 上个糊了,这次别糊好吗?他演的何非
  • ”子曰:“於止知其所止,可以人而不如鸟乎?”富润屋,德润身,心广体胖,故君子必诚其意。
  • 愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。先帝在时,每与臣论此事,未尝不叹息痛恨于桓、灵也。
  • 花样年华生如夏花 / 宰现前辈情话翻车现场 ♡前辈又不是什么钢铁侠 都冲你来的话 怎么能撑住呢 ♡我能撑住 因为有你 你就是我的盔甲 ♡我是盔甲的话 不是
  • 再次讲一下两个队伍的对位情况,上路bin对战kiin,去年kiin选手在kt的时候就被bin哥教育过了,虽然kiin很强但是对线在bin哥手里拿不到优势的上路的
  • 成毅面对什么状况,我不知道,但我相信他!晚上的时候刚好和朋友吃完饭,忽然一个消息发来,又屁颠屁颠的跑去开会了,说不上是开会其实就是和主席聊了很久很久,其实我的很
  • 五/月/天5.19鸟巢,只认识主唱的路人视角repo短打,想起什么说什么,持续补充1.看到团长第一眼脱口而出好tm帅2.阿/信现场很稳,我心中尚未崩坏的地方最后
  • #凱琳生活美容百貨#凱琳#生活#百貨#Hoi#Lam#Highland #Delight #products #Supply #膠囊輕巧抗 #UV #迷你晴雨兩
  • ”子曰:“於止知其所止,可以人而不如鸟乎?有斐君子,如切如磋,如琢如磨。
  • #王府竹海度假旅游区# 旅行小贴士:门票:42元;住宿:农家宾馆性价比高百元左右,竹林别墅高端民宿舒适宜居,特色民宿物美价廉;美食:豫西特色玉米糁、栾川豆腐、竹
  • 凌千月的手慢慢地拂过那条精致华贵的玉腰带,“彩月,吩咐百善堂,留意一下最近前去求医的人,看有没有从京城来的,身份比较独特的。南锦月的手慢慢地拂过那条精致华贵的玉
  • 這不僅對夏而已,對已開始計畫兩人未來的弥生來說也是晴天霹靂⋯240520|海のはじまり|20240520,海のはじまり官网更新有村架纯出演百濑弥生一角的相关消息
  • #业内人士力挺黄俊捷#非粉,就是路人,我就是不喜欢zi本喂觉得黄好就给他开一部剧让他去演男主或者男二也行,在这网络上窜下跳的干啥啊我很支持人家cy的粉丝,果然Z