【 闻慧-新译文分享 】摘录自 ཉི་མ་གྲགས་པ། 尼玛扎巴全集 ༄༅།།དགྲ་ཆོས་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་སོ།། 诛敌法明义

( 注:此卷最重要的精华扼要为:
咒士密轨灵器我不知,宰羊击鼓经忏我不知,
刀插面食吽呸我不知,”敌为五毒” 之外我不知,
“五毒自解” 之外我不知,”大悲伏敌” 之外我不知!)

༄༅། །རྩ་གསུམ་ལྷ་ལ་གུས་པས་བདུད། །གང་དག་དགྲ་ཇག་ཆོམ་རྐུན་གྱིས། །འཇིགས་པ་ཀུན་ལས་རྣམ་རྒྱལ་ཕྱིར། །འཕྲིན་བཅོལ་དགྲ་གྲུབ་མགོ་གནོན་བསྟན། །

三根本尊敬顶礼!为于所有敌盗贼,
怖畏之中尊胜故,所托镇敌修法说。

དེ་ལ་དང་པོར་ཡི་དམ་རྟ་མགྲིན་སྔགས་བདག་མ་གང་རུང་ལ་བརྟེན་པའི་མཆོད་ཚོགས་བཀའ་གཏེར་བསྲུང་མ་སྤྱི་དང་།

此中,最初陈设依止本尊马头或阿达玛之噶德护法荟供,

............(中略)............

།ཧཱུྃ། རྩ་གསུམ་རབ་འབྱམས་ཐུགས་རྗེའི་བདག་ཉིད་ཅན། །མཐུ་ལྡན་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས།

吽!无边三本大悲之体性,威力具誓护法大海众,

།མྱུར་མགྱོགས་སྟོབས་ཀྱིས་མགོན་དང་གྲོགས་ལ་སྤྱོན། །དགྲ་སྡང་ལོག་འདྲེན་ཆམ་ལ་འབེབས་ཕྱིར་གཤེགས།

速疾大力来此作护伴!降伏瞋敌邪引请驾临!

།ད་དུས་ངན་པའི་བདག་ཅག་ཡོན་མཆོད་ཀྱི། །ཚེ་བསོད་དབང་ཐང་དཔལ་འབྱོར་ལེགས་ཚོགས་ལ།

今此恶世于我施福田,寿福威势财富善资粮,

།བར་གཅོད་བྱས་དང་བྱེད་པར་བརྩམ་པ་དང་། །ད་དགྲ་དངོས་སུ་བརྡོ་དང་ཕྱི་དགྲ་སེམས།

已作正作一切诸障难,今敌现前涌现后敌思,

།ངོས་ནས་སྦྲེལ་ལྟར་འཛེག་ཅིང་ལྐོག་ནས་བརྣག །དགྲ་གྱོད་བྱུར་གྱི་སྣ་འདྲེན་ཕུག་སྡོད་པའི།

如实关联而起暗中念,讼敌招引恶运居穴中,

............(中略)............

ཅེས་ཕུད་དང་འབྲུ་སྣ་མཆོད་ལ་རྟ་མགྲིན་ཡིན་ན་བཟློག་པ་འདོན་མངའ་གསོལ་ལྷག་མ་སྲུང་མའི་ཕྲིན་བཅོལ་གཏོར་འབུལ་བྱ་ཞིང་ཆད་ཐོའི་མགོར་སྡེ་བརྒྱད་གསེལ་སྐྱེམས་དང་ཆད་ཐོ་གྱེར། །དམར་གཏོར་དེ་ཉིད་དྲག་པོའི་རྫས་སྣ་ཚོགས་སུ་བསམ་ལ་འདི་ལྟར་རོ།

供养献新及谷物时,若是马头,则念诵回遮、授权、余供,应于护法托付事业,献奉朵玛。于判决之前献八部金饮,诵念判决。于红朵玛,观为种种威猛之物,如是思维。

།ཧཱུྃ། ད་ནི་ཟོར་འཕེན་དགྲ་ལ་འཕེན། །མ་གཡེལ་བསྐྱོད་ཅིག་སྲུང་མ་རྣམས།

吽!今者放咒抛于敌!无散行持护法众!

།རྣལ་འབྱོར་བདག་གི་རྒྱབ་དཔུང་མཛོད། །དྲག་པོ་དཔལ་གྱི་གཏོར་མ་འདི།

请作瑜伽我靠山!威猛吉祥此朵玛,

།སྔ་དགྲ་ལག་གི་བརྡར་བ་ཡི། །ཉམས་པ་དགྲ་བོའི་སྟེང་དུ་འཕེན།

昔敌已经作伤害,毁誓怨敌身上抛!

............(中略)............

ཅེས་འདི་གར་ཤར་རིག་པའི་རྩལ་ཉིད་ལས། །བཅོས་སུ་མ་ཡིན་གཞན་ནས་བསྒྲིགས་པ་མིན། །རྨོངས་པའི་ཚིག་དང་མཁས་པ་མཐུན་པ་མིན། །བླུན་པོའི་གཏམ་དང་དྲུང་པོ་མཚུངས་པ་མིན། །མིན་པ་གསུམ་གྱི་ཚིགས་བཅད་འདི་ཁོ་ན། །དབུ་མཛད་བློ་བཟང་ཐུགས་དམ་གང་གྱུར་ཅིག །སྔགས་པའི་སྔགས་ཆོག་མདོས་གཏོར་ངས་མི་ཤེས། །ར་བཤའ་རྔ་བརྡུང་གྲོང་སྔགས་ངས་མི་ཤེས། །ཟན་ལ་གྲི་འཛུགས་ཧཱུྃ་ཕཊ་ངས་མི་ཤེས། །དགྲ་བོར་དུག་ལྔ་ལས་གཞན་ངས་མི་ཤེས། །དུག་ལྔ་རང་གྲོལ་ཐབས་ལས་ངས་མི་ཤེས། །སྙིང་རྗེས་དགྲ་བོ་འདུལ་ལས་ངས་མི་ཤེས། །མི་ཤེས་དྲུག་གིས་སྦྱར་བྱང་འདི་བཀོད་པས། །དགྲ་ཀུན་ཉོན་མོངས་བདུད་དགྲ་ཞི་བར་ཤོག། །

于此觉性显现妙力中,非是杜撰非从他而编,
愚昧词句非与智者同,愚笨之言非与贤者同,
唯此三种非是之偈句,维那洛桑心愿令满足!
咒士密轨灵器我不知,宰羊击鼓经忏我不知,
刀插面食吽呸我不知,敌为五毒之外我不知,
五毒自解之外我不知,大悲伏敌之外我不知,
以六不知撰著此仪轨,一切烦恼魔敌愿息除!

ཅེས་པའང་ཨོ་རྒྱན་པདྨའི་རྗེས་བཟུང་ལྷ་རིགས་ཉི་སྤྲུལ་པས་གང་ཤར་སྨྲས་པའི་ཡི་གེ་པ་ནི་རིག་འཛིན་དངོས་གྲུབ་རྒྱ་མཚོས་སོ། །མངྒ་ལཾ། །།

此由邬金贝玛摄持,拉热尼哲巴直说,仁增乌哲嘉措着为文字。芒嘎朗!

-——————————————

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三种真实正量吼声震,一切劣见兽众皆惊恐,
胜乘狮子吼音遍三地,莲师大宝教法愿兴盛!
- 弥庞蒋扬南杰嘉措(不败妙音尊胜海)

宁玛文殊 - 经典伏藏汉译 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

【 佛學院 新完成譯文預告 】# 歡迎隨喜贊助或整本護持 #

寧瑪派佛學院 མདོ་འོག་མ་ལོ་རིམ་དང་པོ།下部顯宗一年級課程:གཞན་ཕན་སྣང་བ། 賢遍囊瓦 ༄༅།།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་མཆན་འགྲེལ་བཞུགས་སོ།། 入菩薩行論釋 <第九品 智慧> 即將完成,全論剩最後一品+附錄即告完成!

* 接續漢譯的經論一年級課程是:

一、༄༅།།གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ་བཞུགས་སོ།། 說一切有部之沙彌論釋寶鬘(約一萬字)

二、༄༅།།རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།། 自性大圓滿道之支分 . 三律儀決定論 མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། 阿里班欽貝瑪旺杰(蓮花王) ༄༅།།སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་པ་འཛིན་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།། 三律儀決定論之註釋 . 持明津樑 ཡོན་དགའ། 雲嘎(功德喜)(約九萬字)

三、རྟགས་རིགས་ཀྱི་རྣམ་གཞག《因類建立》མཁན་པོ་བརྩོན་འགྲུས། 堪布尊珠(精進)(約一萬字)

四、ཁྱད་པར་དུ་འཕགས་པའི་བསྟོད་པ།《超勝贊》སློབ་མཐོ་བཙུན་གྲུབ་རྗེ།妥增珠杰(高尊成主)論師དེའི་འགྲེལ་པ། 其註釋 སློབ་ཤེས་རབ་གོ་ཆ།喜饒郭恰(慧鎧)論師(約三萬五千字)

註:經論譯作檔案全部上雲端藏經閣。

~~~~~~~~~~~~~~~~~~~~~~

第九品 智慧 正文:

༈ གསུམ་པ་དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་སྤེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་ལ། གཞུང་དང༌། མཚན་གཉིས་ལས། དང་པོ་ལའང་ཤེས་རབ་བསྐྱེད་པ་མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པ་གཉིས་ལས།

(己)三:勝義發心輾轉增長智慧品分二:一、正文;二、品名(庚)一:正文分二:一、略說生智慧;二、廣說

དང་པོ་ནི།

(辛)一:略說生智慧

ཡན་ལག་འདི་དག་ཐམས་ཅད་ནི།།
ཐུབ་པས་ཤེས་རབ་དོན་དུ་གསུངས།།
དེ་ཡི་ཕྱིར་ན་སྡུག་བསྔལ་དག།
ཞི་བར་འདོད་པས་ཤེས་རབ་བསྐྱེད།།

此等一切諸支分,能仁為說空性義,
欲求寂滅諸苦者,是故應生空性慧。

དེ་ལ་བསྟན་བཅོས་འདིར་བརྗོད་མ་ཐག་པའི་མཚན་ཉིད་ཅན་སྦྱིན་པ་ལ་སོགས་པ་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཇི་ལྟར་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོའི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དོན་དུ་གསུངས་ཏེ། སྦྱིན་པ་ལ་སོགས་པ་འཁོར་གསུམ་མི་དམིགས་པའི་སྦྱོར་བས་ཡོངས་སུ་སྦྱངས་ཏེ་དུས་རིང་དུ་གོམས་པས་མ་རིག་པས་བསྐྱེད་པའི་རྣམ་པར་རྟོག་པའི་དྲྭ་བ་མཐའ་དག་བྲལ་ནས་སྒྲིབ་གཉིས་སྤངས་ཤིང༌། བདག་མེད་གཉིས་ཐུགས་སུ་ཆུད་པའི་རང་བཞིན་ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མངོན་པར་ཐོབ་པར་བྱེད་པས་ཤེས་རབ་ནི་གཙོ་བོ་ཡིན་ཞིང་སྦྱིན་པ་ལ་སོགས་པ་ནི་ཕལ་པ་ཡིན་པའི་ཕྱིར་རོ། །

於此論中,能仁為了闡述如何住於緣起及辨別事物真實性之智慧,而宣說前述佈施等一切支分,佈施等以三輪無緣之加行,長時串修,故遠離以無明生起的分別念之網,斷除二障,了達二無我之自性,成為一切利益之基,證得勝義法性之我, 獲得善逝法身,故智慧是為主要,佈施等為輔助。

དེ་ཡང་ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང༌། གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་སྦྱིན་པ་ལ་སོགས་པ་ལྔས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བྲལ་ན་རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །ཞེས་པ་ལ་སོགས་པར་གསུངས་སོ། །

《大般若經》中云:“如是須菩提,譬如日輪和月輪對四大洲作業,繞四大洲而轉,跟隨四大洲而運行。”同樣,智慧波羅密多亦對前五波羅密多作業,繞五波羅密多而轉,跟隨五波羅密多而運行,若離智慧度,不得佈施等五波羅密多之名。如是須菩提,如若離轉輪王,七寶亦不得轉輪之名。須菩提,同樣,佈施等五波羅密多若離智慧波羅密多,亦不得波羅密多之名。”

ཡང་ན་ཡན་ལག་ཅེས་པ་འདས་མ་ཐག་པའི་ཞི་གནས་ཀྱི་བདག་ཉིད་ཀྱི་རྒྱུན་ཏེ། ཞི་གནས་ཀྱི་ཡོངས་སུ་དག་པར་བྱས་པའི་སེམས་ཀྱི་རྒྱུན་ལ་ཤེས་རབ་སྐྱེ་བས་ལེགས་པར་སྦྱངས་བའི་ཞིང་ལས་འབྲས་བུ་སྐྱེ་བ་བཞིན་དུའོ། །དེ་ཡི་ཕྱིར་ན་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་འགྲོ་བ་མཐའ་ཡས་པའི་སྡུག་བསྔལ་དག །ཞི་བར་འདོད་པས་རྒྱུར་གྱུར་པ་དང་འབྲས་བུར་གྱུར་པའི་ཤེས་རབ་རྣམ་པ་གཉིས་ལས་ཐོག་མར་རྒྱུ་དང་ཕྱིས་འབྲས་བུའི་ཤེས་རབ་བསྐྱེད་པར་བྱའོ། །

又前所述支分之靜濾自性之流,對靜慮所淨心之續流,才能生智慧,如同肥沃之田地生果一般。以彼之故,以三苦欲息滅無邊痛苦眾生之一切痛苦,故成為因、果的智慧二者,首先應生因之智慧,後生果之智慧。

............(待)

----------------------------------

མཐོས་པས་ཆོས་རྣམས་ཤེས་པར་འགྱུར། མཐོས་པས་སྡིག་ལས་ལྡོག་པར་འགྱུར། མཐོས་པས་དོན་མེད་སྤོང་བར་འགྱུར། མཐོས་པས་མྱང་ངན་འདས་བ་ཐོབ།

多聞知諸法,多聞遮罪障,多聞毀無利,多聞得涅槃。

རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་བས་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་དང། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།

不通五種巧明者,雖為聖者難遍知,伏他及攝受他故,自成佛故當精進。

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

【 聞慧-新譯文摘錄分享 】惹那林巴全集 第 12 函 ཁ༽རྡོ་རྗེ་ཕུར་པའི་སྒྲུབ་ཁོག་གི་མཐའ་རྒྱས་མར་མེའི་སྨོན་ལམ་བཞུགས་སོ༔ 普巴金剛修綱之結行·明燈願文 (初稿待潤)

བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སྒྲུབ་པའི་རིག་འཛིན་དང་བཅས་པ་ལ་ཕྱག་འཚལ་ལོ༔

敬禮薄伽梵吉祥金剛童子及持明修士!

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་འདི་ནི་རྡོ་རྗེ་སློབ་དཔོན་གྱིས་དབུ་བཟུང་༔ དབང་གི་སྒྲུབ་ཆེན་ཐོན་པའམ༔ གཞན་ཡང་རྡོ་རྗེ་མཆེད་ལྕམ་དམ་ཚིག་གཅིག་པ་རྣམས་ཀྱིས་ཀྱང་༔ གནས་སྐབས་ཀྱི་ཚོགས་བསྒྲུབ་ལ་སོགས་ཐོན་པའི་དུས་སུ༔ རྗེས་ལ་རྣལ་འབྱོར་པ་རྣམས་དམ་ཚིག་ཉམས་ཆག་བཤག་པ༔ རྡོ་རྗེ་སློབ་དཔོན་ལ་སྐུ་དྲིན་གསོལ་བ༔ དེང་ནས་བཟུང་སྟེ་རྡོ་རྗེའི་མཆེད་ལྕམ་རྣམས་མི་འབྲལ་ཞིང་༔ མཐར་ཐུག་ཞིང་ཁམས་གཅིག་ཏུ་འཚོགས་པའི་སྨོན་ལམ་ནི་ཤིན་ཏུ་ཁག་ཆེ་སྟེཿ གསང་སྔགས་སྒྲུབ་པའི་མཐའ་རྒྱས་ནི་སྨོན་ལམ་ཡིན་པའི་ཕྱིར་རོ༔ དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་གཏོར་མ་གཤེགས༔ དལ་བསྡུ༔ ཚེ་འགུགས་པའི་རྗེས་ལ་ནང་དུ་གྲལ་ཚོགས་གཉིས་སུ་བྱས་ལ༔ མཆེད་ལྕམ་རྣམས་ཀྱིས་ལྟ་སྤྱོད་གཞུང་བཞིན་མ་སྤྱད་པ་ལ་བཤགས་པ་བྱས་ཏེ༔

此普巴極密無上義心要,以金剛阿闍梨為首,由現前「灌頂之大成就」者,或同誓金剛兄弟,於暫時資糧成就等現前後,瑜伽士懺悔誓言之違犯,向金剛阿闍梨酬恩。祈願從今為始,金剛兄弟永不分離,最終相聚同一淨土。此極重要。因修持密咒之末,即是祈願之故。之後,瑜伽士佈施朵瑪、收整壇城並進行招壽,之後於內將位列分為兩組,金剛兄弟之見行依於經函,真誠懺悔:

ཧཱུྃ༔ ཐུགས་དམ་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྨོན་ལམ་དག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ བདེ་བར་གཤེགས་པའི་སློབ་མར་ལུང་མནོས་ནས༔ ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ༔ མཉམ་ཉིད་དོན་ལ་ལེགས་ཉེས་དབྱེར་མེད་ཀྱང་༔ ལུས་ངག་རྣམ་པར་དག་པའི་ཚུལ་ཙམ་དུ༔ གཞུང་མ་བསྙེགས་ཤིང་ཐུགས་དང་འགལ་བ་རྣམས༔ ཕྱི་ནང་དབྱེ་གནོངས་མེད་པར་མཐོལ་ལོ་བཤགས༔ ཀུན་ཀྱང་མཉམ་ཉིད་རྟོགས་པའི་བློ་ལྡན་པས༔ ཐུགས་དགོངས་རྣམ་པར་དག་པའི་ཀློང་ཡངས་ནས༔ གཟུང་དང་འཛིན་པ་མེད་པར་བཟོད་བཞེས་ནས༔ ཉེས་བྱས་དག་ནས་ཚངས་པར་བསྩལ་དུ་གསོལ༔ ཞེས་མཆེད་ལྕམ་རྣམས་གཅིག་གིས་གཅིག་ལ་སྲི་ཞུ་དང་བཟོད་གསོལ་བྱའོ༔

吽!
成就誓言此大壇城中,持有淨願金剛兄弟眾,
受教成善逝之徒眾已,眾皆隨順而行之誓言,
平等性境雖不分妙劣,然令身語唯住清淨中,
於諸不隨教法及違意,不分外內生悔發露懺!
眾心了悟平等性中住,從於清淨心意廣界中,
無有能所寬宥我等已,祈令所作過失悉清淨!
金剛兄弟眾兩兩一組,恭敬祈求寬宥。

............(中略)............

ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ གཏི་མུག་མུན་པའི་གླིང་དུ་འཁྱམས་གྱུར་ཅིང་༔ འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ སེམས་ཅན་ལས་ཀྱིས་མནར་བའི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁང་ནང་དུ་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ འདོད་ཆགས་འཛིན་པ་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་གནས་སུ་སྐྱེ་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ཕྲག་དོག་ཟུག་རྔུའི་ལས་ཀྱི་སྡུག་བསྔལ་གྱིས༔ མི་བཟད་མཚོན་ཆའི་དབལ་གྱིས་ཕོག་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ནམ་ཞིག་ས་དང་ལམ་གྱི་ཡོན་ཏན་རྫོགས༔ སྟོབས་བཅུའི་ཡོན་ཏན་ཉེ་བར་གྱུར་པའི་ཚེ༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔

何時捨壽死期現前時,若流轉於癡闇孤洲中,
隨之墮入生死大險坑,願燃悲心明亮之燈火,
光明天空煥發大光彩,向諸持明修士示妙道!
有情為業所逼之痛苦,由此若墮地獄銅鍋中,
願燃悲心明亮之燈火,光明天空煥發大光彩,
向諸持明修士示妙道!由於我慢嗔怒之痛苦,
若聞兇暴猛獸之吼聲,願燃悲心明亮之燈火,
光明天空煥發大光彩,向諸持明修士示妙道!
若由貪執之業而痛苦,有情生於甚深險難處,
願燃悲心明亮之燈火,光明天空煥發大光彩,
向諸持明修士示妙道!若由嫉妒毒箭之業苦,
為諸可怖武器尖所刺,願燃悲心明亮之燈火,
光明天空煥發大光彩,向諸持明修士示妙道!
何時圓滿地道之功德,十力功德趨於現前時,
願燃悲心明亮之燈火,光明天空煥發大光彩,
向諸持明修士示妙道!

............(中略)............

སྒྲུབ་ཆེན་གྱི་མཐའ་རྒྱས་གུ་རུའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་བཀོད་པའོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔

此《大修結行》,是由我措嘉依蓮師之語而記錄。伏藏印 埋藏印 甚深印

སྤྲུལ་སྐུ་རཏྣ་གླིང་པས་གཏེར་ནས་གདན་དྲངས་པའོ༔ དགེའོ༔ མངྒ་ལཾ༔

化身惹那林巴取藏。願善!願吉祥!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས།
།ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།
།ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ།
།མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

三種真實正量吼聲震, 一切劣見獸眾皆驚恐,
勝乘獅子吼音遍三地, 蓮師大寶教法願興盛!

རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

聖教圓滿殊勝妙旗頂, 光明金剛藏要寶珠嚴,
勝伏一切法幢高聳立, 蓮師大寶教法願興盛!

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

~彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 【资讯】世终将于9月5日出席洛杉矶「B&L Double Cross」仓库派对派对简介:「B&L Double Cross」是一场邀请了电音领域
  • 突然想要收拾东西 翻出很多东西(垃圾)我爸妈就是那种用不着还非要留 又没有收纳意识的人 随手一塞东西越堆越多 我边扔我妈边翻又捡回来 气得我不行 一边训他们一边
  • 千年一聲唱 詞解納蘭性德 王維 李白 列御寇新豐美酒斗十千 咸陽遊俠多少年相逢意氣為君飲 係馬高樓垂柳邊——王維《少年行》一彎秋月好酒量 須不羨 承明班列 馬跡
  • 今天又爆火一个meme代币,名字叫做GM,目前代币价格是0.00046美金,从K线上看,三天时间翻了10倍,GM这个英文缩写是早上好的意思,在国外社区发的人比较
  • 。。
  • 所以酒鬼酒在营销方面的动作,我们可以看到无论是万里走单骑也好,内参研讨会也好,本质都是为了增强社会认知,提升酒的社会价值属性,性成内在品质和外在品质的共振。我们
  • 那知自是、桃花结子,不因春瘦。那知自是、桃花结子,不因春瘦。
  • 三、入园提示1、为了广大游客的人身及财产安全,请大家遵守景区的游览秩序;2、按贵州省疫情防控要求进入景区的游客需出示健康码、行程码(中高风险地区来黔人员严格执行
  • 皮肤松弛下垂是一步一步形成的,等到发现自己苹果肌已经掉到鼻子下面的时候很难再回 到最开始时候的位置,尽早开始保养是为了更长久的维持美貌~#HPV上岸了吗#
  • #法拉利##红牛##F1##F1[超话]##勒克莱尔##维斯塔潘##朴志晟[超话]# 朴志晟中输统计小组 两版总销量已经达到72000+张啦再提醒一下各位:‼
  • ❤️我的打主‬产品乐恩NB牛蒡茶‼️一款全‬家老少皆‬宜的牛蒡茶,一款香醇‬又好喝的‬黄金茶,可以‬清肠毒,排宿便,治便秘,防痔疮,调血脂,调糖血‬,降血压,降
  • 【体育东亚】[温流&河成云&金南珠&权恩妃等确认出演音乐剧《太阳之歌》]音乐剧《太阳之歌》全面公开了强大的选角名单。#温流[超话]##金
  • 辛苦了一整年,好好地谢谢自己。 转眼,2021年就剩下几天了,这一年,我们努力过,拼搏过;这一年,我们有欢笑,也有泪水。辛苦了一整年,好好地谢谢自己。 致敬
  • 而这一切都是由于喜好产生的,早上一杯好茶是一天好心情的起点,晚上一盏清茶也是一天完整的结束。老板热情,茶香意浓的,今天妻子很开心的,和同事们玩乐一下,居然手气又
  • 【6465】【吐槽】也是真的很无语闲鱼出物遇到这位来收裤子,先开始说需要,之后又看上我主页刚刚发布的好物(我是捆套装入的捆套装出)让我把这条裤子和别的衣服当做捆
  • 查了一下,作者是84年的大学教师,就文字和内容来说,已经很好了。上一次我们聊天,聊到了她说想要30岁出国读研究生,目标专业从原来的商科变成了计算机,就像去菜市场
  • 【银保监会:探索创新金融支持乡村基础设施建设的有效方式】指导“三农”工作的2022年中央一号文件于2月22日发布,在强化乡村振兴金融服务方面,提出了“支持各类金
  • 姐,你看看我去跳舞的视频…是的,是对镜子拍…啊,你跳的真好看,对于身体肌肉的控制真棒,嗯,这我就做不到…退休之后,我会乐意回忆起这样的瞬间:工作值得,有真情共享
  • 这种迫切性表现为两个方面,第一,古代书法是文本式的,注重阅读,因此强调点画和结体的表现。书法的形式构成我在《形势衍》一书中说:“书法就是线条对空间的分割”这个观
  • 每逢朝廷有过失的时候,他都尽忠规谏,帮助王朝避免了很多波折。底线是基础,也是根本,是棋局开始的首要制约因素。