རང་བྱུང་འཕགས་མཆོག་ཝ་ཏི་བཟང་པོ་ལ་ན་མོ།
བྱང་ཆུབ་ཐུགས་ནི་ཙནྡ་ཡུམ་ལས་འཁྲུངས། །
རོང་ལམ་དོག་པོར་བརྫུ་འཕྲུལ་ཞབས་ཀྱིས་བཅགས། །
ཐུགས་རྗེས་འགྲོ་དོན་རྡོ་ལེབ་སྟེང་ནས་མཛད། །
ཝ་ཏི་བཟང་པོའི་ཞབས་ལ་གསོལ་བ་འདེབས། །
བྱང་ཆུབ་ཐུགས་ནི་ཙནྡ་ཡུམ་ལས་འཁྲུངས། །
རོང་ལམ་དོག་པོར་བརྫུ་འཕྲུལ་ཞབས་ཀྱིས་བཅགས། །
ཐུགས་རྗེས་འགྲོ་དོན་རྡོ་ལེབ་སྟེང་ནས་མཛད། །
ཝ་ཏི་བཟང་པོའི་ཞབས་ལ་གསོལ་བ་འདེབས། །
ཐུགས་རྗེ་ཀུན་ལས་སྙོམས་པའི་བཅོམ་ལྡན་འདས།།
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།
ལམ་རྒྱུས་མ་གོ་གོང་ནས་ལམ་དུ་ཞུགས་རྒྱུ་མ་མང་། ལམ་དེར་བར་ཆད་གང་ཞིག་ཡོད་མེད་ཞིབ་ཏུ་བརྟག་དཔྱད་ཐོངས། ལམ་དེར་བར་ཆད་གང་ཡང་མེད་ཀྱང་ལམ་དེར་ཞུགས་ན་རྐྱེན་ངན་གཞན་ཡོད་མེད་ལྷག་ཏུ་བསམ་བློ་ཐོངས།[心]
✋热门推荐