ཀུན་ཀྱིས་ཟོལ་བཅོས་པའི་འཛུམ་མདངས་ཤིག་བསྟན་ཏེ།།
ཀུན་ལ་གཏན་ཚུགས་མེད་པའི་གཏན་ཚིགས་ཤིག་མངོན་དུས།།
ཀུན་ཀྱི་སྐྱབས་ཡུལ་ཉག་གཅིག་སྟོན་པ་དང་བསྟན་པ།།
མི་རིང་འཇིག་པར་འགྱུར་བའི་ཚོར་བ་ཞིག་སྟེར་སོང་།།

ཁུ་སིམ་མེ་བཞད་པའི་མེ་ཏོག
རླུང་བུ་ལྡང་ཙམ་གྱིས་མགོ་ལྕོགས་ལྡེམ་ཞིང
འདབ་མའི་གོང་ཁ་ལས་ཟིལ་ཐིགས་འཐོར
ཉི་འོད་འཇམ་པོའི་གཟེར་ལ་རེག་ཙམ་གྱིས
འཛུམ་གྱི་པདྨོ་སྔར་ལས་མཛེས་པར་བཞད
རླུང་བུ་ལྡང་ཙམ་གྱིས་མགོ་ལྕོགས་ལྡེམ་ཞིང
འདབ་མའི་གོང་ཁ་ལས་ཟིལ་ཐིགས་འཐོར
ཉི་འོད་འཇམ་པོའི་གཟེར་ལ་རེག་ཙམ་གྱིས
འཛུམ་གྱི་པདྨོ་སྔར་ལས་མཛེས་པར་བཞད
དབྱངས་ཀྱི་ང་རོ་ཚིག་སུ་བཅད་ནས་རིག་པས་རྒྱལ་ཁམས་འགྲིམ་ན་ཆོག།
གཞས་ཀྱི་ཐོག་མ་གདང་ལ་བཀུག་ནས་སྙན་ངག་ནང་དུ་བཀོད་ན་ཆོག།
གཏམ་གྱི་ཐོག་མ་འཛུམ་ལ་བགྱིས་ནས་ཚོགས་ཀྱི་དབུས་སུ་བརྗོད་ན་ཆོག།
འོན་ཀྱང་ལས་ཀྱི་ཚོར་བ་སྐམ་པོ་བསླི་ཁྲིད་ཞིག་གི་ནོག་དོན་ཅི།།
༢༠༢༢/༥/༡༨/ཉིན་སེང་གྲྭ་ཚེ་རིང་རྒྱ་མཚོས་ཤར་མར་བྲིས།

✋热门推荐