༈སེམས་ཀྱི་སྐད།
ལོ་མ་ཤག་ཤག་ཐོར་ནས།།
སྡོང་བོ་ཁེར་རྐྱང་ལུས་དུས།།
སྟོན་རླུང་དམར་པོའི་ཁྲོད་ནས།།
ཇ་ཁོལ་དྲན་སོང་མ་གསུང་།།
ས་གཞི་འཁྱག་གིས་བསྡམས་ནས།།
རི་མགོ་ཁ་བས་གཡོག་དུས།།
ཁ་བའི་འདབ་མའི་ཁྲོད་ནས།།
དཔྱིད་དཔལ་དྲན་སོང་མ་གསུང་།།
སྲང་ལམ་དོག་པོ་ཞིག་ནས།།
ཕོ་མོ་ཆ་རེ་མཐོང་དུས།།
ལས་ཀྱིས་བསྐོས་པའི་བྱམས་པ།།
ཐུག་འདོད་ཆེ་སོང་མ་གསུང་།།
ཟླ་བ་འཁྱག་པའི་འོག་ནས།།
ལུས་སེམས་ལྷག་པས་མནར་དུས།།
རྒྱུ་སྐར་མིག་ལ་བཟུང་ནས།།
དྲོད་འཇམ་གནང་རོགས་མ་གསུང་།།
མུན་པའི་འཇིག་རྟེན་འདི་ཡི།།
མི་སེམས་གྱ་གྱུ་ཆེས་བས།།
སྐྱིད་སྡུག་འདྲེས་མའི་ལས་ལ།།
སེམས་པ་སུན་སོང་མ་གསུང་།།

——————✍ཁམས་ཉི་གཞོན།
#藏族医学诗歌初探(藏文版)-普日科[图书]#

༈འཁྲུལ་སྣང་གི་མལ་ས།
——ལྟ་བ་མཉམ་གནས།
ལུང་དང་ལུགས་ལ་རྨོངས་པའི་མུན་པ་འཁྲིགས།།
རྟགས་དང་ཚད་མའི་གཞི་རྩར་རྐང་ཡ་མེད།།
ལུང་རིག་རྣམ་དཔྱོད་དབེན་པའི་བླུན་པོ་ཡིས།།
ར་སེ་རྒོལ་དགོས་ཟེར་འདི་ངུ་སྐད་རེད།།

དམ་པའི་ཆོས་ལ་ཉམས་ལེན་མ་བྱས་ཞིང་།།
ཚིག་སྦྱོར་ཁྱི་ཡིས་སྐར་བལྟས་པ་ཙམ།།
ཐོས་བསམ་སྒོམ་གསུམ་མེད་པའི་གྲྭ་གཟུགས་ཀྱིས།།
སེང་རྡོར་བརླག་དགོས་ཟེར་འདི་འཆལ་གཏམ་རེད།།

བོན་པོའི་བྱམས་མའི་གྲིབ་མ་མ་མཐོང་ཞིང་།།
རྒྱལ་བསྟན་དར་རྒྱས་ཁ་ཕྱོགས་མ་ངེས་པའི།།
གྲུབ་མཐའི་ཕྱོགས་རིས་མཁན་དང་ལྟ་ཉེན་པས།།
ཚུལ་བློ་ནོར་འདུག་ཟེར་འདི་འཁྲུལ་གཏམ་རེད།།
——————✍ཁམས་ཉི་གཞོན།
#ལྟ་བ་མཉམ་གནས།# https://t.cn/R2WxDiK

༈སྟོན་གྱི་གཤིས།

མྱི་ཕྲུག
ནམ་ཟླ་སྟོན་གཤིས་སྨིན་པ་དུས་ཀྱི་འགྱུར་བག་དེ།།
འཇབ་ལེན་རྐུན་མ་ཇི་བཞིན་རི་ཀླུང་ཁྱིམ་དུ་ཉུལ།།
དྲོད་ཀྱི་སྲོག་ལ་གཟན་པའི་དགུན་གྱི་ངད་པ་ཡང་།།
འདྲེན་པའི་བླ་འབོད་འཇག་མའི་རྩྭ་ཡིས་གྱེར་བཞིན་འདུག།

དྲོད་འཇམ་དབྱར་གྱི་ཕྱིང་གོས་བྲལ་བའི་སྡོང་པོ་ཡང་།།
མི་སྡུག་བཞིན་ལ་སྐྱོ་ཉམས་དོད་པའི་རྒན་པོ་ལྟར།།
མདངས་ཀྱི་སྣུམ་ཤོར་སྔོ་ལྗང་ལོ་མ་སེར་དང་ལྷན།།
བརྩེ་མེད་རླུང་བུ་ཆོམ་པོས་ངེས་མེད་གང་སར་དེད།།

ཡལ་གའི་རྩེ་ནས་དབྱངས་ཀྱི་ང་རོ་ཕྱོགས་བཞིར་རུ།།
ལྷོད་ཀྱིས་འཐེན་པའི་གཤོག་འགྲོའི་ཚོགས་རྣམས་ཡི་མུག་པའི།།
ཀྱུར་ཀྱུར་སྒྲོག་བཞིན་གཤོག་ཟུང་ལེབ་མོས་བྲག་ཐེམ་གྱི།།
ཉི་མའི་འོད་ལ་བྱ་ར་བྱེད་པའི་ཚུལ་འདི་སྐྱོ།།

རྩེད་འཇོ་མོད་པའི་རྒོ་རྐྱང་དེ་ཡང་སྤོབས་པའི་དབུ།།
བྲང་ལ་དུད་དེ་སྟར་འཕྲེང་དྲོང་མོ་རྫ་ལ་གཏད།།
རྫ་ཡི་ཁུད་ཀྱི་ཉི་མའི་ཁྱིམ་ལ་ཞགས་སྡོད་ཀྱི།།
གནས་ཚང་གཡར་བའི་སྔ་ལྟས་མཚན་མ་འདི་ནས་ཚང་།།

ཤྭ་བ་ཡུ་མོས་མི་འདོད་རེག་པ་བསིལ་བ་ཡི།།
ངད་པ་ཁུར་བའི་དྲི་བཞོན་བུ་མོའི་གདུག་རྩུབས་དེ།།
མི་བཟོད་ལུས་ལ་ཕོགས་པའི་གདུང་བའི་ཡུས་ཆེན་གྱི།།
ངུད་མོའི་དབྱངས་ཀྱིས་རྣ་བ་འདི་ཡང་དོག་པོར་བྱས།།

གསེར་རྩིས་བྱུགས་པའི་སེར་པོ་རི་ཡི་ཟེ་མོ་ནས།།
རི་སྤྱང་རྣ་བར་གཟན་པའི་ལུག་རྫི་ཀི་སྒྲ་ཡང་།།
རེ་ཞིག་འཇག་པའི་ཚོར་བ་སྐྱུར་མོ་སྟོང་ལྷང་ལྷང་།།
དབྱར་གྱི་ནེམ་ཤ་དྲོད་ཀྱི་འཇམ་མཉེན་དྲན་པས་གདུང་།།


发布     👍 0 举报 写留言 🖊   
✋热门推荐
  • LIC超小众豪楼低价拼室友 9/15-10/1入住 德国工作男生次卧就位|等主卧和客厅室友 超便捷交通:3mins多条地铁公交‼️37mins哥大、30min
  • #hero久酷[超话]##久酷kpl登场三周年# 三周年快乐呀!虽然今年是我陪伴你的第一年,一开始看到你的时候只是觉得嗯!(最后给家人们看看我们这里的彩虹)第一
  • 在无法消除也无法超越的现实面前,真实的世界就是告诉我们:雨天里卖伞的生意好,晴天里卖鞋的生意好(《卖伞与卖鞋的故事》)境随心转还不够,还要再加上坚定的意志和坚强
  • 我们都太喜欢等,固执地相信等待永远没有错,美好的岁月就这样一日又一日被等待消耗掉。我们都太喜欢等,固执地相信等待永远没有错,美好的岁月就这样一日又一日被等待消耗
  • 在那个艰苦奋斗的年代,婚后有了3个孩子的夫妻俩举案齐眉,知足常乐,令身边的同事、邻居羡慕不已。老伴腿脚不便,“我就是她的腿”1959年国庆节,来自南方的饶群章与
  • 因为创业早的缘故,所以我很早的时候,就理解了财富的运转逻辑。还有就是帮助家里脱贫,如果按照之前的家境,买房买车这些事,根本都不敢想,但今天已经可以轻松应对。
  • !!
  • 漫步花海的人儿,情不自禁用镜头记录藏在紫荆花下的灵动。长话短说,我喜欢你很久了我喜欢你,如微风徐徐,如温阳媚丽,如山间小溪,如过桥人家,如你我喜欢林间山野的路,
  • 只是我想,总会有那样的时刻,Wall-e在电视里男女主人公牵手的时候只能自己去握住自己的手。就像一定有那样的时刻,那个电影屏幕里的Wall-e,或这个现实世界中
  • 在关于未成年暴力视频的脑暴会结束后,最后确定用一反常态的视角,管理员们变成一个个想早进社会、爱打架的少年,获得未成年宝宝们的喜爱,让大家在娱乐中把管理员小姐姐的
  • 所以在此我重申一下:一、如果你坚持值台是真的,那你cp已经be了,小说漫画动画beast甚至文野汪都无死角be。”谨慎观看感觉我国北极圈的这部漫画要出息了如果出
  • 福利四:温馨提示,点击此处有惊喜噢优惠多多,诚意满满,期待大家的光临噢[偷乐]另外,在pu上报名参加活动的小可爱注意一下时间哦,签到时间为上午九点五十至下午五点
  • #王一博[超话]##冰雨火的收官战报# [微风]#青年演员王一博# 冰雨火这部剧人物性格刻画的鲜明,生动,形象,有活力:陈宇勇猛,敏捷,睿智,直球,冲动。#冰雨
  • 我好感动呜呜呜呜现在很多人这样形容马天宇:因为自己淋过雨,所以总想帮别人撑伞我们一直知道他是一个极好极温暖的人 总是默默在背后做善事可是就跟评论有一条说的一样:
  • 身处这个离天堂最近的地方,戴上这款#全爱工匠# “似露”在不同的地点带不同的样式,让你在这个充斥着浪漫的地方更加的唯美。#我要上热门##情感语录文字控##古墓丽
  • 初恋头少女发型#锁骨发#修饰脸型代表发型比例不同锁骨发针对圆脸的修饰极佳真的可以达到瘦脸#昆明染发# 气质中凸显小个性方脸国子脸圆脸椭圆脸鹅蛋脸型设#昆明无痕接
  • #HONOR Talents#壁纸投稿 希望大家喜欢[憧憬]贺余年我们的生活精彩而繁忙像风一样凛冽火一般热烈我们疲惫的身后有人催有人赶有人攀比有人妒忌突然某天我
  • 因为​我​们有‎技‎术​ 有‎品​质​ 有信​念‎ 有​责任,我‎们‎使命​必​达​❤️#葆婴USANA#中国保健协‌会秘书长徐‌华峰访谈:营养不是药,为什‌么
  • 时间过得好快啊,虽然我老是说希望时间能过得慢一点,你慢点长大,但你还是悄悄长大了,真心的祝你生日快乐,其实想了很多祝福语,我还是觉得你能一直健康开心最重要,今天
  • 我c了气死我了,两个陌生男几乎同时通过手机号加我vx,我问他们从哪要到我手机号的,a说朋友给他的,b没告诉我。我问b是不是真心话大冒险输了才加的,他说不是,和b