ན་མོ་གུ་རུ།
བླ་མ་མཁས་དང་མ་བྲལ་ཅིག །
བླ་མ་མཁས་དང་བྲལ་བ་ན། །
དམུས་ལོང་མིག་བུས་བོར་བ་འདྲ། །
ཕྱིས་ལམ་རྙེད་པའི་དུས་མ་མཆིས། །

དད་པ་ཆེ་དང་མ་བྲལ་ཅིག །
དད་པ་ཆེ་དང་བྲལ་བ་ན། །
ཐག་རིང་འགྲོན་པོའི་རྟ་ཤི་འདྲ། །
གྲོགས་རྗེས་སླེབ་ཀྱི་དུས་མ་མཆིས། །

གདམས་ངག་ཟབ་དང་མ་བྲལ་ཅིག །
གདམས་ངག་ཟབ་དང་བྲལ་བ་ན། །
ས་བོན་མེ་ཡིས་ཚིག་པ་འདྲ། །
མྱུ་གུ་ཐོན་གྱི་དུས་མ་མཆིས། །

དགོན་པ་དབེན་དང་མ་བྲལ་ཅིག །
དགོན་པ་དབེན་དང་བྲལ་བ་ན། །
རྒྱལ་པོས་རྒྱལ་ས་ཤོར་བ་འདྲ། །
འབངས་རྣམས་འཐུལ་བའི་དུས་མ་མཆིས། །

ཐོས་པ་ཆེ་དང་མ་བྲལ་ཅིག །
ཐོས་པ་ཆེ་དང་བྲལ་བ་ན། །
བོང་རྒན་སྟོད་ལ་མནན་པ་འདྲ། །
རྩི་ཐོག་ཆོད་པའི་དུས་མ་མཆིས། །

ལྟ་བ་བཟང་དང་མ་བྲལ་ཅིག །
ལྟ་བ་བཟང་དང་བྲལ་བ་ན། །
རྒོད་པོ་གཤོག་པ་ཆག་པ་འདྲ། །
བར་སྣང་ཆོད་པའི་དུས་མ་མཆིས། །

སྙིང་རུས་ཆེ་དང་མ་བྲལ་ཅིག །
སྙིང་རུས་ཆེ་དང་བྲལ་བ་ན། །
རྭ་རྩིགས་སྦྲང་མས་ཁྱེར་བ་བཞིན། །
ཁྱུང་སྣ་ཆོད་པའི་དུས་མ་མཆིས། །

ཉམས་མྱོང་བཟང་དང་མ་བྲལ་ཅིག །
ཉམས་མྱོང་བཟང་དང་བྲལ་བ་ན། །
སྟག་ཤར་གཡུལ་ངོར་གོ་མེད་འདྲ། །
མདའ་རྩེ་ཐུབ་པའི་དུས་མ་མཆིས། །

སྤྱོད་པ་ཞིབ་དང་མ་བྲལ་ཅིག །
སྤྱོད་པ་ཞིབ་དང་དང་བྲལ་བ་ན། །
གྲུ་མཁན་སྐྱ་བ་ཤོར་དང་འདྲ། །
ཕ་ཁར་ཐོན་གྱི་དུས་མ་མཆིས། །

བསམ་གཏན་རྒྱུན་དང་མ་བྲལ་ཅིག །
བསམ་གཏན་རྒྱུན་དང་བྲལ་བ་ན། །
ལག་རྡུམ་བྲག་ལ་འཛེག་པ་འདྲ། །
བྲག་ཁར་ཐོན་གྱི་དུས་མ་ཾཅིས། །

དམ་ཚིག་གཉན་དང་མ་བྲལ་ཅིག །
དམ་ཚིག་མཉན་དང་བྲལ་བ་ན། །
དམ་ཉམས་སྲུང་མ་བྱེད་མཁན་འདྲ། །
བྱིན་རླབས་འབྱུང་གི་དུས་མ་མཆིས། །

རྟོགས་པའི་དོན་དང་མ་བྲལ་ཅིག །
རྟོགས་པའི་དོན་དང་བྲལ་བ་ན། །
རི་དྭགས་རྒྱ་ལ་ཟིན་པ་འདྲ། །
སྤང་ལ་སླེབས་ཀྱི་དུས་མ་མཆིས། །

མི་འབྲལ་བཅུ་གཉིས་བྱ་བ་འདི། །
སུམ་པའི་སྟོན་པ་ཁྱོད་ལ་བྱིན། །
ཡང་ཡང་སོམས་ལ་ཉམས་ལེན་མཛོད། །

སློབ་གཉེར་བ་ཞིག་གིས་བརྟག་ཅིང་དཔྱད་ན་མ་འདུས་པ་མེད་པའི་རས་ཆུང་བའི་“མི་འབྲལ་བ་བཅུ་གཉིས”ཀྱི་མགུར་འདི་དྲ་གྲོགས་ཡོངས་ལ་ཞོགས་ཇ་ཞིག་གི་ཚབ་ཏུ་ཕུལ་ཡིན། [干杯]

མི་ཡུལ་ལན་གཅིག་ཐོབ་པའི་སྐལ་བཟང་འདི།།
བྱམས་ལྡན་དྲིན་ཆེན་ཨ་མས་གནང་ལགས་ན།།
བདག་གིས་དེ་རིང་ཁྱེད་ཀྱིས་དུས་ཆེན་ལ།།
སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ཚིག་བཀོད།།

ཞེསའཛམ་གླིང་མ་ཡུམ་གྱི་དུས་ཆེན་ཉིན་ཤེས་རབ་མེ་ལྕེའམ་དགེ་ལེགས་རྒྱལ་མཚན་ནས།

ཡུ་ཁུ་རེན་ལ་རྒྱལ་ཁ་འཐོབ་ངེས་རེད། རང་དབང་འཐོབ་ངེས་རེད་ཟེར། (དབྱིན་ཇིའི་སྲིད་བློན།)
དེ་རིང་ང་ཚོ་ལ་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་མེད། ཚོགས་པ་དེའི་མིང་ལ་ཡུ་ཁུ་རེན་ཟེར། (སྲིད་འཛིན་ཛུ་ལེན་སུ་ཀེ)
ཕྱི་ཟླ་༥ པའི་ཚེས ༣ ཉིན། དབྱིན་ཇིའི་སྲིད་བློན་Boris Johnson གྱིས་བརྙན་ལམ་བརྒྱུད་ཡུ་ཁུ་རེན་གྱི་གྲོས་ཚོགས་འཐུས་མི་ཚོ་ལ་གཏམ་བཤད་གནང་འདུག་ལ། འདི་ནི་རཱ་ཤི་ཡས་བཙན་འཛུལ་རྗེས་ནུབ་ཕྱོགས་ཀྱི་དབུ་ཁྲིད་ཞིག་གིས་ཡུ་ཁུ་རེན་གྲོས་ཚོགས་RaDaནང་གཏམ་བཤད་གནང་བ་ཐོག་མ་དེ་ཆགས་ཡོད། དབྱིན་ཇིའི་སྲིད་བློན་གྱིས་ཡུ་ཁུ་རེན་མི་མང་གིས་བཙན་འཛུལ་བ་ཁེའུ་ཧྥུ་སྒོ་འགྲམ་ནས་ཕར་བསྐྲོད་བཏང་བ་དེ་ཡིས་དུས་རབས་ཉེར་གཅིག་གི་དམག་འཁྲུག་ལོ་རྒྱུས་ཁྲོད་རྒྱལ་ཁའི་བྱས་རྗེས་བླ་མེད་བཞག་ཡོད་ལ། མི་རབས་རྗེས་མ་ཚོས་གདུག་རྩུབ་ཆེ་བའི་བཙན་འཛུལ་དང་། མེ་མདའ་དང་ཐང་ཀེའི་འོག་ནས་ཡུ་ཁུ་རེན་གྱི་རང་དབང་འཕྲོག་མ་ཐུབ་པའི་གཏམ་རྒྱུད་གླེང་ངེས་ལ་དྲན་གསོ་བྱ་ངེས་ཡིན། དེ་དང་ལྷན་ཕུའུ་ཌེན་གྱིས་འཇིགས་སྐུལ་འོག་རྒྱལ་ཁབ་དབང་བསྒྱུར་དང་འོས་འདེམས་གཡོ་བསྒྱུར། གསར་འགོད་རང་དབང་ལ་རྡོག་རོལ། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཚར་གཅོད། སྲིད་འཛིན་ལས་ཡུན་ཚད་བཀག་མེད་པ་བཅས་ལོ་རྒྱུས་རང་བཞིན་གྱི་ནོར་འཁྲུལ་ཚབས་ཆེན་བཟོས་བའི་ལྐུགས་རྟགས་དང་སྨྱོ་རྟགས་ཀྱི་གདོང་རིས་དེ་ལྷང་ལ་བུད་སོང་བ་རེད། ང་ཚོས་ཡུ་ཁུ་རེན་ལ་གོ་མཚོན་གྱི་རོགས་སྐྱོར་གནང་སྟེ་ཡུ་ཁུ་རེན་ལ་བསྐྱར་ཏུ་སུས་ཀྱང་བཙན་འཛུལ་དང་ཐུབ་ཚོད་གཏོང་མི་ཐུབ་མཁན་ཞིག་བཟོ་ཡི་ཡིན། ཡུ་ཁུ་རེན་ལ་རྒྱལ་ཁ་འཐོབ་ངེས་རེད་རང་དབང་འཐོབ་ངེས་རེད་ཅེས་སོགས་བརྗོད་འདུག ཐེངས་འདིར་སྲིད་འཛིན་ཛུ་ལན་སུ་ཀེ་ཡང་གྲོས་ཚོགས་སུ་དབྱིན་ཇིའི་སྲིད་བློན་གྱི་གཏམ་བཤད་ལ་ཉན་དུ་ཕེབས་སྐབས་གྲོས་ཚོགས་འཐུས་མི་ཚོས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབས་ཡོད་པ་དང་། སྲིད་འཛིན་ཛུ་ལན་སུ་ཀེ་ཡིས་དབྱིན་ཇིའི་སྲིད་བློན་དང་མི་མང་གིས་རོགས་སྐྱོར་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་། ང་ཚོས་མཉམ་དུ་རྒྱལ་ཁ་ལེན་ངེས་རེད་ཅེས་བརྗོད་འདུག་ལ། ཡང་ཁོང་གིས་མུ་མཐུད་གྲོས་ཚོགས་འཐུས་མི་ཚོ་ལ་ཁྱེད་ཚོ་ཡང་རླབས་ཆེ་བའི་ཡུ་ཁུ་རེན་དམག་མི་ཡི་ཆ་ཤས་ཡིན། ཁྱེད་ཚོའི་གཡུལ་ས་ནི་ཁྲིམས་བཟོ་ཁང་ཡིན་ལ། ཡུ་ཁུ་རེན་མི་མང་གི་ཆེད་དུ་ཁྱེད་ཚོས་ཉིན་མཚན་མེད་པར་ཕྱག་ལས་གནང་བཞིན་ཡོད་ལ། ཁྱེད་ཚོར་ངལ་གསོ་བའི་ཉིན་མོ་མེད་ལ་ཚོར་བ་ལྷག་མ་མེད། ཁ་གཡང་ཡང་མེད། དེ་རིང་ང་ཚོ་ལ་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་མེད་ལ། ཕྱོགས་ཁག་མེད། ཚོགས་པ་དེའི་མིང་ལ་ཡུ་ཁུ་རེན་ཟེར་ཅེས་བརྗོད་འདུག


发布     👍 0 举报 写留言 🖊   
✋热门推荐
  • #黑独山#直到走近了我们才知道,黑独山的黑不是土黑,而是表面的岩石块黑,真的就像走进了水墨画当中,哎如果路面没有越野车车轮印就好了,不可逆的痕迹,可惜了…进去出
  • 在这个特别的日子,让我们以温柔的目光,再次回望翁美玲的璀璨与哀伤。早年经历:梦开始的地方翁美玲,一位拥有着甜美笑容和独特魅力的女子,1959年在香港出生,她的生
  • 穿喜欢的衣服感受美好时光-最近成都的天气太好啦不需要什么计划表,只是随心随性地走走逛逛让我想到最近很喜欢的一段话整个春天,直至夏天都是生命力,独享风流的季节长风
  •   许护士更加惶恐:“那个陈医生……我也是听别人说的,一定是乱传的,我们大家都知道祁医生和柯医生不可能的,不然这么多年早就在一起了……”  李护士再次狠狠戳了她
  • 之后我没有打算直接去投诉你,点你的道歉拉满也只是想得到一个道歉,顺便看看你的态度,毕竟当时我是真的非常生气,从我说的你说话难听让你道歉拉满不难看出来吧?60s的
  • [鲜花]故地重游,铸造新梦想. 刷了一部很优秀的短剧,做人做事里面都能在剧中给予答案. 回想往事,总有太多事会想到我应该这样做会更好,而心魔却是不做,少做,多避
  • 早上不到七点崽子进我们卧室,爸爸听见翻了个身胳膊在我身上搭着又接着睡了。崽子看见后从床下翻上来喊着宝宝的、宝宝的……一边还扒拉他爸爸的胳膊,他爸爸也故意气他,两
  • 老粉咯[太开心])[浮云]康了陶白白分析的水象星座(真·天蝎本蝎觉得挺准的[二哈])[浮云]纠结今年八月的证券从业资格考试报不报名(毕竟只有一个月的准备时间且非
  • 怪好笑,后面我就思考为什么我会这样,从结束后的心情转化,爱、舍不得、难过、想求他留下,到接受事实寻找替代品,再到现在会讨厌、恶心,可又有一丝怀念,在他面前我太真
  • #李现[超话]#lx#三十天考古安利李现# DAY 1:㋄㏴ 喜欢你,已经是数以年计的日子了,如今也勉强算是我们相遇的第六个夏了。因为很多时候不仅要解决
  • 1000天大脑发育的见证,我要感谢这一路走来,我们家的宝宝都有飞鹤奶粉的陪伴,让他身体倍棒,头脑灵活,手指协调……宝宝健康快乐的成长离不开飞鹤奶粉给予的营养补充
  • #李承协[超话]#✨#摘星诗人李承协#✨#JDON on the track# 【】20240521 会胜账号更新李承协相关资源:【李承协安利指南】【Fromm
  • 但到目前为止,上户亲子鉴定还没有专门的规章出台,仅存在在一些零星的规定中:第一、以下情况,需要在上户口前做亲子鉴定:1、无出生证。但到目前为止,上户亲子鉴定还没
  • 好久不见,你是不是已经在周游世界了呢,有没有看到青海的翡翠湖呀,我听说那里很美,等有机会我也要去看看!总之,这款车让我立刻就决定要买下它,真的是让我欲罢不能
  • 一张图解决你的入睡难题,试试看就知道多有效~ via~生命时报#家庭教育经验分享##觉商教育##正念生活# 感恩第841天心不静,气必不和;气不和,生活就会一团
  • 倒时差正是累的时候,看了今天的几个青椒落难的消息,不免会有悲从中来的感觉。记得之前说过,这些年,从学生走到教师,对我所做的科学的兴趣,对天文的热爱,有增无减;但
  • 当阳光悄悄地穿过时间的狭缝,倾洒在这属于我们的青春舞台,那是我们笑声和汗水最闪亮的瞬间。摄影师@BY_小闪呐 #最强大脑楼开元[超话]##最强大脑徐嘉悦[超话]
  • (和我的小狗去逛公园啦~p4是看到小青蛙就激动的丁老师公园里的花开了超级香~生机勃勃的Spring day[haha]浩浩给我买的糖(这个糖果可是专门奖励给勇敢
  • 超like今日保4.3冲4.4W[拳头]每天一签二转四平轻松保持(重要)不够的发出来大家来互助~多发tie多互动!超like今日保4.3冲4.4W[拳头]每天一
  • 他什么时候火的我不太清楚,只是刷小红书啥的时不时会出来一个“肖战被粉丝调戏”的搞笑视频,但是没关注过,开始注意到他是在每年不得不看的春晚上,妈呀太惊艳了吧,立马