ངག་འཇམ་ཚིག་གིས་བསྒྲིབས་པའི་རྒྱལ་ཡོལ་གྱི་ཕག་ན།།
མི་མངོན་ཟོལ་དུ་སྦེད་པའི་ཞེ་ཕུགས་དེ་མ་མཐོང་།། 
མི་བརྟན་གྱ་གྱུའི་གཤིས་ཀྱི་འགྱུར་ལྡོག་འདི་བསམ་ནས།། 
རེ་བའི་དར་སྐུད་ཆད་པའི་སྣང་གླུ་འདི་ཐལ་ལོ།།

2022/5/4/ མཚན་མོར་སྣང་ཚུལ་ཞིག་གི་རྐྱེན་བྱས་ཏེ་བྲིས་པའོ།

ཡུལ་ཤུལ་ས་འགུལ་རྗེས་དྲན།                                         
ཀུན་གསལ་ཡངས་པོར་ཆུ་འཛིན་འདབ་མ་གཡོ།།
དཔྱིད་ཀྱི་བུ་མོས་བདུད་རྩི་ཁྲུས་ཆབ་གཏོར།།
ཆུ་ཕྲན་དལ་གྱིས་བགྲོད་པའི་གླུ་དབྱངས་སྙན།།
ནོར་འཛིན་ཕང་བར་མྱུ་གུ་འཛུམ་ཆུང་བཞད།།

གློ་བུར་གནམ་ས་འགས་པའི་ཆོ་འཕྲུལ་གྱིས།།
ལྷ་ཡི་ཡུལ་ལྗོངས་ཐང་ལ་འཕོས་འདྲ་བའི།།
འབག་བཙོག་སྐྱོན་གྱིས་མ་ལྷད་མཛེས་པའི་གྲོང་།།
སྐད་ཅིག་གཅིག་ཏུ་ཐལ་བའི་གླིང་དུ་སྒྱུར།།

ཤར་རིའི་རྩེ་ནས་སྐྱ་རེངས་འཛུམ་པ་དང་།།
ཁྱིམ་བྱས་དང་པོར་སྐད་བརྡ་གཏོང་བའི་དུས།།
ས་ཆེན་སྤྲུག་པའི་ཐལ་རྡུལ་འཚུབ་མའི་ཁྲོད།།
མ་ཤི་དམྱལ་ཡུལ་འགྲིམ་པའི་འཇིགས་སྣང་སྐུལ།།

ཕ་མའི་བརྩེ་བ་བུ་ཕྲུག་ལ་འཕྲང་ཞིང་།།
བུ་ཡི་དུང་བ་ཕ་མར་ཤོར་བཞིན་དུ།།
ཚེ་འདིར་ལྷན་དུ་འགྲོགས་པའི་ཐ་མ་དེ།།
ཤི་གསོན་བར་ནས་གཏན་དུ་བྲལ་བར་བྱས།།

མདའ་མདུང་མཚོན་ཆ་མེད་པའི་གཡུལ་ཆེན་ནས།།
དངངས་སྐྲག་ཆེ་ཡང་ཅུང་ཙམ་སྒུག་རོགས་གྱིས།།
ཁྱོད་ལ་འཁྲེང་བའི་མི་ཚོགས་ཁྲི་མ་འབུམ།།
དཔལ་ཐང་འཇའ་ཐང་བརྒལ་ནས་ཡོང་བཞིན་ཡོད།།

ཕ་གཞིས་དྲོད་མོ་རྡུལ་རླུང་ཁྲོད་དུ་ཡལ།།
བསགས་པའི་རྒྱུ་ནོར་ས་ཡི་འོག་ཏུ་སོང་།།
བརྩེ་བའི་གཉེན་གྲོགས་ཕྱི་མའི་ཡུལ་ལ་རྫངས།།
ཤུལ་ལུས་དྭ་ཕྲུག་མིག་ཆུ་ཕྲེང་ཐག་ཆད།།

སྡུག་བསྔལ་ཀློང་ནས་གཞན་བདེའི་བསམ་དཀར་སྐྱེས།།
ངུ་འབོད་ཁྲོད་ནས་མ་ཎི་དབྱངས་རྟ་གྲག།
རེ་ཐག་ཆད་ཀྱང་ཡིད་ཆེས་ལྷ་ལ་བཅོལ།།
སྐྱབས་ཀྱིས་དབེན་ཚེ་མཆོག་གསུམ་གྲོགས་སུ་མཐོང་།།

རྣོ་ལྕགས་སྦྲེལ་དང་ཨར་འདམ་སྲུབས་ཀ་རུ།།
གཅིག་པུར་གདུང་བའི་སྨྲེ་སྔགས་འདོན་པའི་ཚེ།།
ངུར་སྨྲིག་འཆང་བའི་དགེ་འདུན་ཁྲི་ཕྲག་གིས།།
སྙིང་རྗེའི་ཕྱག་རིང་སྐྱངས་ཏེ་དབུགས་དབྱུང་བྱིན།།

ཆོལ་གསུམ་བཙུན་པའི་སྡེ་དང་སྐྱ་བོ་རྣམས།།
མ་བོས་ན་ཡང་རོགས་ལ་ཕེབས་པ་དང་།།
སྡུག་བསྔལ་མཉམ་དུ་ཕྲག་ཏུ་ཁུར་བ་འདིས།།
རིགས་ཞེན་གསེར་གྱི་རྐུད་པ་ཕྱི་རུ་བསླངས།།

རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ལ།།
རང་བྱུང་ཁམས་ཀྱི་གནོད་སྐྱོན་བྱུང་བའི་ཚེ།།
རང་སྲོག་གཅོད་དང་སེམས་སྐྱོན་བྱུང་བ་སོགས།།
མ་ཐེག་སྡུག་གིས་ཞོར་སྐྱོན་སྣ་ཚོགས་དྲངས།།

བསམ་ཡུལ་ལས་འདས་དུ་ཁས་མནར་བའི་ཚེ།།
མཐོ་དམན་གང་དུ་སྐྱེས་ཀྱང་སེམས་ཅན་རྣམས།།
འདི་འདྲའི་སྡུག་བསྔལ་ནམ་ཡང་མ་མྱོང་ཞེས།།
སྨོན་ལམ་འདེབས་པ་ངོ་མཚར་མི་ཆེ་འམ།།

རང་གི་རྐྱེན་ངན་བྱུང་བ་རྒྱུ་བྱས་ཏེ།།
གཞན་གྱི་སྡུག་བསྔལ་སེལ་ཐབས་བསམ་པ་འདིས།།
ཆོས་ལྡན་བོད་པ་ཞེས་པའི་མཚན་སྙན་དེ།།
འཛམ་གླིང་འཕྲིན་ལམ་ཁག་ནས་ལྷང་ལྷང་གྲགས།

འདི་ནས་ཚེ་སྲོག་ཤོར་བའི་སྐྱེ་བོ་གཙོས།།
དུས་མིན་ཆགས་སྒོ་བྱུང་བའི་སེམས་ཅན་རྣམས།།
འབྱུང་བཞིས་གནོད་པའི་འཕྲང་ལས་གཏན་ཐར་ནས།།
འཇིགས་སྐྲག་འཁྲུལ་པའི་སྣང་བ་ཞིག་པར་ཤོག།

༢༠༡༠ལོ་༤ཟླ་༡༤ཉིན་མོའི་ཡུལ་ཤུལ་ས་འགུལ་རྗེས་དྲན་དུ་གཞན་ཕན་སེང་གེ་རུ་འབོད་པས་ཕུལ་བའོ།།
 

 རྗེ་མར་པའི་སློབ་མ་ཀ་ཆེན་བཞི

༡འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །སྒོས་ལྷུན་སྟུག་གངས་རི་མཐོན་པོ་དེའི། །ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་ཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོ་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །སྡེར་བཞི་གངས་ལ་བགྲད་པ་དེ། །ཚད་མེད་བཞི་དང་ལྡན་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །སེང་གངས་དཀར་ལྟོངས་སུ་འཕྱོ་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང༌། །
༢འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོ་མི་གཞི་སྟག་དང་འདྲ་བ་ཡིན། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །སྐུ་གསུམ་རང་ངོ་འཕྲོད་པ་ཡིན། །སྡེར་བཞི་ནགས་ལ་བགྲད་པ་དེ། །འཕྲིན་ལས་རྣམ་བཞི་གྲུབ་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །སྟག་ནགས་ཀྱི་གསེབ་ཏུ་འཕྱོ་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ཐང་ཤིང་རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་རྒྱུད་པ་འཛིན་པ་ཡིན། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང༌། །
༣འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་དེ། །ཁོ་མི་གཞི་ཁྱུང་དང་འདྲ་བ་ཡིན། །ཁྱུང་གཤོག་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །ཁྱུང་རྭ་གནམ་དུ་གཟེངས་པ་དེ། །ལྟ་སྒོམ་གྱི་གོལ་ས་ཆོད་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །ཁྱུང་ནམ་མཁའི་མཐོངས་ལ་འཕུར་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང༌། །
༤འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །བྱང་དུ་ཀ་ཆེན་བཙུགས་པ་དེ། །གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁོ་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བ་ཡིན། །རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཅིག་འོང་བ་ཡིན། །བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །རྒོད་ནམ་མཁའི་མཐོངས་སུ་འཕུར་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང༌། https://t.cn/R2WxDGB


发布     👍 0 举报 写留言 🖊   
✋热门推荐
  • 这段时间一直非常忙,忽略了和大家的互动,很多宝贝的评论我也没能及时回复,实在抱歉[失望]想双我的宝贝可以双,我不会介意的[大侦探皮卡丘微笑]不过还是希望大家能等
  • 1) LEGO Star Wars The Mandalorian Helmet 75328(584 Pieces)乐高星球大战曼达洛人头盔 $47.99(原价
  • 开门七件事儿,柴米油盐酱醋茶 每天午餐一个蔬菜一碗米饭,上午热水泡茶,下午消暑,柠檬蜂蜜水+冰块保温杯,别的一口不吃,水果西瓜,这人是怎么肥哒,七点以后不吃东
  • 思绪把我拉回去年的9月份 那会儿正在练科目二 第二天就要考试 了 然后倒车入库还是不会 当时这一天事情还多 记得很清 并且什么都弄不好 学校里也是 网课签到作业
  • 没别的意思,就是洪江市姓易的好爱考公务员、好爱考编制啊[笑哈哈]我去洪江市政府官网溜达了一圈。
  • #八字算命# #八字合婚# #八字命理#八字中伤官见官有哪些特性(1)八字中官星最不喜欢见伤,伤官见官多主祸事;八字中伤官旺,官星弱,官星受制更为严重,其人往
  • 来源:京师人文#时装艺术馆#电影|《不能说的秘密》叶湘伦与父亲相依为命,他的父亲是淡江艺术中学的训导主任,叶湘伦自小在他的培养下拥有非凡的音乐才华。#BNU档案
  • 不止是尤铭贤,每一个组员都在各自的岗位上尽情挥洒着自己的热情与汗水,有的负责统筹协调,声音早已嘶哑;有的负责物资领用,始终尽职尽责;有的负责值班巡逻,通宵已成常
  • 今天,我们就来看几款性价比和人气都非常高的热门中国品牌SUV,到底谁最值得买,它们分别是:东风风光500 1.5L 自动优享型宝骏510 2021款1.5LCV
  • 既然管理们无法实现和@白鹿my 同步追剧的愿望,那就让我们送各位宝贝茸们感受一下和白梦妍同步追剧的快乐吧!《恐龙萌游记》讲述了小麦、小米跟随一颗神奇的恐龙蛋时光
  • 突然想到,现在的数码产品好像都越来越注重音频输入了,我手上的墨水屏(Boox、iReader、Bigme等品牌)大概一半都有录音功能,无线麦克风的最新产品(比如
  • 然而……萌萌看了一会儿就困了,想回家[允悲]只有麻麻自己带着萌萌回家了啊本来以为三岁半的萌萌会看不懂,萌萌回的路上还在问“问什么那个叔叔要爬到旗杆上呀”看来还是
  • MoMA 雕塑花园——一座当代装置艺术的家园,一个容许我们静下脚步、充电和反思的世外桃源。看见这些照片,不禁再次感叹,妹妹有在好好地成长,多了许多温婉,或许这就
  • 事实上,您还是有近视,同时也有老花,只不过给人一种错觉,以为不必戴老花镜就可以看书报了。看远看中看近、一副全搞定音频:00:0000:30眼花程度随年龄增长而变
  • 日常生活中完全不会想起来,只有在梦里我才能发现潜意识中我知道自己曾经做过“茶几里有蜥蜴”的梦,但当时只看到有一只,而且看到之后非常害怕,就立马关上了茶几眼不见为
  • ​​今天买了下一批单的料子和五金,不过这批单做的不会太快,七月我要做一个筹划了很久的设计,会断大概二十天左右。#今日看盘[超话]#对于当前的行情,大盘处于当前的
  • 而美国之所以通胀更高,还有一个独有原因是,自疫情以来,美国政府批准5万亿美元经济刺激计划,还向民众直接派发现金促进消费,也就是所谓的“直升机撒钱”结果是刺激了消
  • 到耄耋之年,在鲜花、荣誉和掌声下所包围的,却是一份过于喧嚣的孤独~#好书推荐#《繁华落尽是孤独》一书,主要收录季羡林先生散文作品中关于儿时成长、海外求学、回国任
  • 我喜欢肖战 肖战好帅肖战演技好 肖战唱歌好听 肖战作品好看 肖战斗罗大陆好看 肖战唐三很帅肖战王牌部队好燃 肖战顾一野军人风彩肖战如梦之梦肖战五号病人带你
  • 也许这些流言是由将他推荐给俱乐部的经纪人抛出来的”- 您对安德烈·塔拉拉耶夫所说的喀山红宝石 ❤️ 正在破坏转会市场上的规律,并以此带走所有别人想要的球员的话有