༄༅།།2021ལོའི་དགུན་གནང་ལས་བྱ་སྟེ་གནའ་སྒྲུང་༼བྱིས་སྒྲུང་༽འགྲན་སྡུར་གྱི་འགྲན་རིམ་གཉིས་པ་སྟེ་ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་སྤེལ་བའི་འབྲེལ་ཡོད་བརྡ་ཐོ།
རྒྱ་ཆེ་བའི་དགེ་སློབ་ལྷན་རྒྱས། ཐེངས་འདིར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལྷག་པར་དུ་མིག་སྔར་རིམས་ནད་ཀྱི་རྐྱེན་པས་སློབ་མ་རྣམས་སློབ་གྲྭའི་ཕྱི་རོལ་དུ་འགྲོ་མི་ཆོག་པའི་སེམས་ངལ་ལམ་སྐྱོ་སྣང་སེལ་བ་སོགས་ལ་དམིགས་ཏེ། འདི་སྔོན་དགུན་གནང་གི་སྐབས་སུ་འཚོལ་བསྡུ་བྱས་པའི་ངོ་མཚར་ཞིང་ཁྱད་དུ་འཕགས་པའི་བོད་རང་གི་དམངས་ཁྲོད་གནའ་སྒྲུང་༼བྱིས་སྒྲུང་༽རྣམས། འགྲན་རིམ་དང་པོ་སྟེ་འཛིན་གྲྭ་ནང་ཁུལ་གྱི་སྒྲུང་བཤད་འགྲན་སྡུར་སྤེལ་གྲུབ་ནས། འགྲན་རིམ་གཉིས་པ་སྟེ་ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་དེ་གཟའ་འཁོར་འདི་ནས་མགོ་བཟུང་སྟེ་བསྒྲུབ་རྒྱུ་ཡིན་པའི་འབྲེལ་ཡོད་བཀོད་སྒྲིག་གཤམ་གསལ་ལྟར་ཏེ།
དང་པོ། འགྲན་སྡུར་གྱི་དུས་ཚོད་དང་ས་གནས།
ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་དེ་སྤྱི་ཟླ་4ཚེས་27རེས་གཟའ་ལྷག་པའི་ཕྱི་དྲོའི་དུས་ཚོད་5︰40ནས་བཟུང་ཕྱི་དྲོའི་སློབ་གསེང་དུས་ཚོད་དག་ཏུ་ཐོག་ཁང་དམར་པོའི་ཐོན་མིའི་ཐང་ནས་སྤེལ་རྒྱུ་ཡིན།
གཉིས་པ། གོ་རིམ་དང་འགྲན་ཞུགས་པ།
འགྲན་རིམ་བཀོད་ཁྲ་རུ་གསལ།
གསུམ་པ། དཔྱད་འདེམ་པ། འཛིན་གྲྭ་རེ་ནས་བུ་རེ་དང་བུ་མོ་རེ་གདམ་དགོས། ལོ་རིམ་དང་པོའི་དཔྱད་འདེམ་པ་ནི་ལོ་རིམ་གཉིས་པ་ནས་གདམ་དགོས།
ལོ་རིམ་གཉིས་པའི་དཔྱད་འདེམ་པ་ནི་ལོ་རིམ་གསུམ་པ་ནས་གདམ་དགོས། ལོ་རིམ་གསུམ་པའི་དཔྱད་འདེམ་པ་ནི་ལོ་རིམ་དང་པོ་ནས་གདམ་དགོས། ལོ་རིམ་གསུམ་པོའི་ནང་གི་འགྲན་སྡུར་བརྒྱུད་དེ། ལོ་རིམ་རེ་ནས་ཕུལ་བྱུང་བ་དྲུག་རེ་བཅས་ཁྱོན་བསྡོམས་ཕུལ་བྱུང་བ་བཅོ་བརྒྱད་གདམ་དགོས། དེ་དག་ཀྱང་མཐར་འགྲན་རིམ་གསུམ་པ་སྟེ་སློབ་གྲྭ་ཡོངས་ཀྱི་གནའ་སྒྲུང་འགྲན་སྡུར་ལ་གཞུག་དགོས་སོ།།
བཞི་པ། སྐར་སྡོམ་པ། སློབ་མ་ཚོགས་པའི་སློབ་སྦྱོང་ཚན་ཁག་དང་རིག་རྩལ་ཚན་ཁག་གི་ཁོངས་མི་རྣམས་ཡིན། ༼སློབ་མ་ཚོགས་པའི་ལས་བྱེད་རྣམས་རང་གི་ལོ་རིམ་གྱི་འགྲན་སྡུར་སྐབས་སྐར་སྡོམ་པའི་གྲས་སུ་གཞུག་མི་དགོས། ༽
ལྔ་པ། འགྲན་སྡུར་སྐབས་ཀྱི་ལྟད་མོ་བ་དང་གྲལ་སྒྲིག་སྟངས།
ལོ་རིམ་སོ་སོའི་འགྲན་སྡུར་སྐབས་ལོ་རིམ་དེའི་འཛིན་གྲྭ་ཡོངས་ཆད་ལུས་མེད་པར་རྐུབ་སྟེགས་ཁྱེར་ཏེ་ལྟད་མོ་རུ་གཞུག་དགོས་ལ། མི་རེ་རེའི་བར་མཚམས་སྨི་གཅིག་རེ་བཞག་ནས་བསྒྲིག་དགོས་པ་དང་ཚང་མས་ཁ་ཤུབས་གྱོན་དགོས། གྲལ་སྒྲིག་སྟངས་ཐོན་མིའི་གཡས་གྲལ་དུ་ལོ་རིམ་སོ་སོའི་འཛིན་གྲྭ་དང་པོ་དང་གཉིས་པ་གཉིས་མདུན་རྒྱབ་བྱས་ཏེ་བསྒྲིག་དགོས། དཀྱིལ་གྲལ་དུ་འཛིན་གྲྭ་གསུམ་པ་དང་བཞི་པ་གཉིས་མདུན་རྒྱབ་བྱས་ཏེ་བསྒྲིག་དགོས། གཡོན་གྲལ་དུ་འཛིན་གྲྭ་ལྔ་པ་དང་དྲུག་པ་གཉིས་མདུན་རྒྱབ་བྱས་ཏེ་བསྒྲིག་དགོས།  
དྲུག་པ། སྤྱི་ཁྱབ་འགན་འཁུར་བ།
སློབ་མ་ཁང་།
བདུན་པ། ལག་བསྟར་བ།
སློབ་མ་ཚོགས་པའི་སློབ་སྦྱོང་ཚན་ཁག་དང་རིག་རྩལ་ཚན་ཁག སློབ་གྲྭའི་རྒྱང་བསྒྲགས་ཁང་བཅས་ཡིན། ༼རྒྱང་བསྒྲགས་ཁང་ནས་སྒྲ་སྒམ་དང་སྐད་སྦུག་སོགས་གྲ་སྒྲིག་འཐུས་ཚང་བྱ་དགོས།༽
 གསལ་བཤད།  གལ་ཏེ་འགྲན་དུས་དང་འགྲན་སྟངས་ལ་འགྱུར་ལྡོག་འབྱུང་ཚེ་དེ་ལུགས་བརྡ་སྦྱོར་ལྟར་གྲ་སྒྲིག་བྱ་དགོས་སོ།།
སློབ་གྲྭ་སྤྱིའི་མཇུག་འགྲན་གི་དུས་ཚོད་ནི་སྐབས་དང་བསྟུན་ཏེ་བརྡ་གཏང་རྒྱུ་ཡིན།
གོང་གསལ་གྱི་བརྡ་ཐོ་གཞིར་བཟུང་ནས་འཛིན་གྲྭའི་འགྲན་ཞུགས་པ་རྣམས་ཀྱིས་གྲ་སྒྲིག་ལེགས་པོ་གནོངས་ཤིག
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཁང་ནས།
2022ལོའི་ཟླ་4ཚེས་25ཉིན།

#微博[超话]# ༄༅། །ཆེན་པོ་སྟོང་པ་ཉིད།
ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་དང་། རིགས་དྲུག་རྒྱུད་ལྔའི་འགྲོ་བ་སོགས། འཁྲུལ་བའི་སྣང་ངོ་ལ་འཆར་བའི་རྒྱ་ཆེ་མཐའ་ཡས་ཀྱི་ཆོས་རྣམས་ཀུན་རང་བཞིན་གྱིས་མ་གྲུབ་ཅིང་བདེན་གྲུབ་ཀྱིས་སྟོང་པས་ན་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ།།
大空
错乱感受中所显现的十方三界之外器与五趣六道之内情众生等无边诸法皆自相不实而空故。

#微博[超话]# ༄༅། །འདུ་ཤེས་རྣམ་བཞི།
དགེ་རྒན་ལ་ཕ་མ་ལྟ་བུའི་འདུ་ཤེས།།
སློབ་མ་ལ་བུ་ཕྲུག་ལྟ་བུའི་འདུ་ཤེས།།
ཤེས་བྱ་ལ་ཕ་ནོར་ལྟ་བུའི་འདུ་ཤེས།།
ཀུན་སྤྱོད་ལ་བླ་སྲོག་ལྟ་བུའི་འདུ་ཤེས།། https://t.cn/Rp7W8xr


发布     👍 0 举报 写留言 🖊   
✋热门推荐
  • #刘宇宁开始推理吧#|#刘宇宁南珩离十六#|#摩登兄弟[超话]#考古到之前的他,对比现在的他,总觉得今年的他变得更加有成功男人的味道了,从衣品上可以表现出来,他
  • #秋庭将海[超话]# 240521 官推更新[] 240521 코리아 온 스테이지 - 뉴 제너레이션올아워즈 데뷔 첫 경복궁 스테이지 완료짱아워즈가 열
  • 这对ZF不得不说是一个大挑战,ZF通过精湛成熟的技术,通过丹东机芯改装原装Cal.52010机芯,机芯夹板由鱼鳞纹及日内瓦波纹打磨,洗花打磨尤为精致,仔细看,夹
  • 第二个月开始,就有半天的政治思想教育,这可是我的强项了,我可是文科学霸级的人。什么事情都有阴阳两面,明德班训练三个月,虽然苦不堪言,但是却让我们拥有了强大的体魄
  • 我和狗散步時目睹的“瘋狂轉變”10月中旬の昼前、都内で愛犬と散歩するヒゲを蓄えた男性――嵐の大野智(42)だ。五人は嵐です❤️小大翔君Aiba酱Nino松润#岚
  • 这是一条汇总➕简介➕约稿说明:推:袁一琦(不是毒唯)磕:河里蛋壳,水璇,奶包,ftcy,雯淇(吃百家饭谁都磕一嘴但是就看看)河外斐玲无雷点(我挺随和)喜欢DOU
  • 该怎么形容她呢,大概就是出了事会挡在我前边的人,是会一直照顾我情绪 怕我胡思乱想的人,是不用说话就能够懂我的人,是脾气不好唯独对我有耐心的人,当然也是会随时随地
  • རང་ལ་བསམ་བློ་གཏོང་ས་ཞིག་ཡོད་དགོས་རྒྱུ་དེ་ནི་ནང་ཆོས་རེད་འདུག ནང་ཆོས་དེ་ཉམས་སུ་ཆེ
  • 人活一世,最优质的生活,就是以清净心看世界,以平常心过生活,以欢喜心历练性格,在简单从容中,讨自己开心,让家人放心,如此,才是我们必须要重视的。活着,就是知世俗
  • 民浩愣了一下 又笑出声来:你真觉得我是因为一块石头才和你在一起的吗?你是笨蛋吗?
  • 普罗比兹此前执教波兰队的5场正式比赛中,基维奥尔向前的直传球与过顶长传,是波兰队进攻体系非常重要的环节。普罗比兹临危受命入主波兰队后,对球队阵型打法进行了大刀阔
  • 今年王一博出道十周年啦,粉丝在、路人在 甚至还有难得的男粉、歌有 唱跳rap俱佳,这个演唱会将对他意义非凡,对我们也是难忘的。知道每个人get的点、偏爱的点不一
  • 双强cp遇上,不打不相识,妥妥的全剧喜剧担当,这一对是对原著故事线的续写补充,雅雅直球表白确认心意,改编剧情也超好磕3️⃣御妖国篇:布泰(祝绪丹)x石宽(杨仕泽
  • 01毛晓慧 和秦俊杰be的挺难看,在一起差不多八个月,她很想出来手撕男方;02张晚意 和邓为大学时期就认识了,但是两人私下关系就一般;03芒果综艺《我家那闺女2
  • ”这一瞬,弹幕都寂静下来,好半天后,才有人小心翼翼的打下一行字:“如果我没感觉错,殷佳彤已经做出了选择,对吧?”洛旻宇一时间也没有说话,就在殷佳彤以为等不到回答
  • 每一个灯牌对应1张券,每一张券上都有专门编码,请大家【妥善保管租赁券】2⃣️散场后归还灯牌及电池盒,在归还灯牌时,将给出【相应数量的副券】现场负责人将核对灯牌是
  • 借用哥的一句话就是,爱你的人会永远爱你,不爱你的人,也请你放过爱你对了,我们破十亿啦,阅读量也破百万啦再此还是郑重的声明:所有点进这篇的,无论是wf还是其他的c
  • 因为我们知道,真正的成功不是走得有多快,而是能坚持走到最后......#坚持不懈##成功的定义##时间见证者#--在这个瞬息万变的世界里,愿我们都能够找到那一成
  • BTS将于本月20日发布新唱片《BE(Deluxe Edition)》回归歌坛,Big Hit近日收购人气歌手Zico创立的KOZ娱乐公司,强强联手将创造出可观
  • 在晴朗的夜晚,月光洒下的清辉总是很美,却不知道此时你在何方?如果你在这里,这里的夜色就是一处绝胜的风景;如果你在远方,固然是一幅美画,但我却无法欣赏得到。