࿑རྒྱལ་པོ་ལུགས་ཀྱི་བསྟན་བཅོས།
མ་བསླབས་ཁ་རོག་འདུག་པ་ལ། །
ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །
མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །
བརྩོན་པས་དཀའ་བ་དང་དུ་ལོངས།།
མ་བསླབས་ཁ་རོག་འདུག་པ་ལ། །
ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །
མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །
བརྩོན་པས་དཀའ་བ་དང་དུ་ལོངས།།
ཁྱེད་ཀྱི་གཏམ་རྒྱུད་ལ་ཉན་ཐེངས་རེ་རེར། ངའི་བློ་ཁོག་ལ་ཡང་རྩྭ་ཐང་ལྟ་བུའི་ཁོད་ཡངས་ཅིག་དང་རི་ལུང་འདྲ་བའི་ལྷིང་འཇགས་ཤིག་ངང་གིས་བསྩལ་ཡོང་། ནམ་ཞིག་རྩྭ་རྩི་ཏོག་གི་བསིལ་བ་དག་སྐམ་ཚར་ཡང་ང་ནི་ཁྱེད་ཀྱི་རྩྭ་ཐང་ན་འཚོ་བཞིན་པའི་རྣམ་ཤེས་དེ་ཡིན་ལ། མཐར་ས་སྟེང་ལ་འཐིམ་པའི་འགྲོ་དྲུག་དེ་ཡང་ཡིན་སྲིད། https://t.cn/R2Wx1wq
#微博[超话]# ࿐དོན་མེད་འུར་གྱིས་ཁ་སང་རྫོགས།།
ཅི་མེད་ཅང་མེད་དེ་རིང་ལུས།།
རྟག་འཛིན་བློ་ཡིས་སང་ཉིན་སྒུག།
རང་སེམས་འདི་ལ་གད་མོ་ཤོར།།
ཚོགས་དྲུག་ཡུལ་དྲུག་ཕྱོགས་སུ་ཉེ།།
སེམས་མེད་བེམ་པོ་ཤུལ་དུ་བསྐྱུར།།
རེ་དོགས་བར་ནས་བྲེལ་བས་མྱོས།།
དེ་འདྲ་གང་ཡིན་འཁོར་བ་པ།།
བདེ་བ་ནམ་ཡང་ཡོད་མ་ཡིན།།
ཅི་མེད་ཅང་མེད་དེ་རིང་ལུས།།
རྟག་འཛིན་བློ་ཡིས་སང་ཉིན་སྒུག།
རང་སེམས་འདི་ལ་གད་མོ་ཤོར།།
ཚོགས་དྲུག་ཡུལ་དྲུག་ཕྱོགས་སུ་ཉེ།།
སེམས་མེད་བེམ་པོ་ཤུལ་དུ་བསྐྱུར།།
རེ་དོགས་བར་ནས་བྲེལ་བས་མྱོས།།
དེ་འདྲ་གང་ཡིན་འཁོར་བ་པ།།
བདེ་བ་ནམ་ཡང་ཡོད་མ་ཡིན།།
✋热门推荐